རྣམ་སྲས་བྲག་རོང་ཆེན་མོའི་མཛེས་ལྗོངས།
发布时间:2025年09月08日
消息来源:
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་གནས་པའི་རྣམ་སྲས་བྲག་རོང་ཆེན་མོ་ཡི་མངའ་ཁོངས་སུ་བྲག་དམར་ས་གཤིས་དང་། ནགས་ཚལ་དང་རྩྭ་ཐང་། བྲག་རོང་ཆུ་རྒྱུན་སོགས་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་ཡོད་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུའི་མགོ་ཁུངས་སུ་གཏོགས་པ་ཡིན། ངོ་མཚར་བའི་ས་གཤིས་ལས་གཞན། རྣམ་སྲས་བྲག་རོང་ཆེན་མོ་རུ་ད་དུང་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པ་ཡོད་ཅིང་། གསའ་དང་གཟིག་སོགས་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཡང་མང་པོ་ཡོད་པ་རེད། །