བོད་རང་སྐྱོང་ལྗོངས་ཀྱིས་ཐེངས35པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྤེལ་མགོ་བརྩམས།
发布时间:2025年09月12日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་པའི་ཆེད་དམིགས་རྣམ་གྲངས་ཚན་ཆུང་གིས་གཙོ་སྒྲུབ་བྱས་པ་དང་། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། གུང་གཞོན་ཚོགས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་། ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་འགན་སྒྲུབ་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཐེངས35པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་བྱ་འགུལ་ཟླ་བའི་མགོ་ཚུགས་མཛད་སྒོ་ལྷ་སར་སྤེལ་བ་རེད། རོང་འབྲོག་མང་ཚོགས་དང་སློབ་མ། གྲྭ་བཙུན་གྱི་འཐུས་མི་དང་འབྲེལ་ཡོད་ཁོངས་མིའི་ལས་ཁུངས་ཀྱི་འཐུས་མི་བཅས་བསྡོམས་པས་མི300ལྷག་བྱ་འགུལ་ནང་ཞུགས་ཡོད།

མགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་ཤིང་། ཞབས་བྲོ《བསྐལ་བཟང་གླུ་གཞས》ནང་གངས་ལྗོངས་ཀྱི་བུ་དང་བུ་མོ་རྣམས་དཔའ་ངར་ཆེ་སྐྱེད་ངང་གོང་འཕེལ་གྱི་བསམ་པའི་ཉམས་འགྱུར་མངོན་ཡོད་པ་དང་། རོལ་དབྱངས《ཀྲུང་གོའི་ཕུགས་འདུན་མཉམ་དུ་སྐྲུན》ནང་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ལས་མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་གཙོ་བོ་སྒྲོག་ཡོད་པ། ལྗོངས་རྣམ་བརྙན་ཐུང《སེ་འབྲུ་དམར་པོའི་གཏམ་རྒྱུད་མཉམ་དུ་གླེང》ཞེས་པའི་ནང་གསོན་ཉམས་དོད་པའི་བརྗོད་དོན་ལ་བརྟེན་ནས་མི་རིགས་སོ་སོ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ཀྱི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་གསལ་བོར་མཚོན་ཡོད།