གཅན་ཚ་རྫོང་གིས་གཡང་མདའ་རྒྱལ་སྤྱིའི་མདའ་རྩལ་འགྲན་སྡུར་སྤེལ་བ།
发布时间:2025年09月15日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


图片


རང་རེའི་སྨྱན་སྦྱོར་ལྟེ་གནས་ཀྱིས་སྤེལ་བའི་འཕྲིན། གསར་འགོད་པ། ཚེ་རྡོ། རྡོ་རིན། སངས་བཀྲ། བདེ་ལེགས་མཚོ།ཟླ9པའི་ཚེས5ཉིན།2025ལོའིགཡང་མདའརྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་སྡུར་སྐབས་བརྒྱད་པ་དང་མདའ་སྟོན་རིག་གནས་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་སྤེལ།

图片

图片

གཅན་ཚ་ནི་མི་རིགས་སྲོལ་རྒྱུན་མདའ་རྩལ་གྱི་ཕ་ས་དང་གཡང་མདའ་རིག་གནས་སྒྱུ་རྩལ་གྱི་འབྱུང་ཁུངས་ཡིན། 2007ལོ་ནས་ལོ18རིང་། ས་གནས་ཀྱི་མཉམ་འཛོམས་ནས་གོ་ལ་ཧྲིལ་པོའི་མཉམ་འགུལ་བར་མཆོང་སྐྱོད་བྱས་པ་དང་།  ལུས་རྩལ་གྱི་འགྲན་སྡུར་བྱེད་སྒོ་ཁོ་ན་ནས་རིམ་བཞིནམི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་། ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བབཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ནས། མིང་དོན་གཉིས་ལྡན་གྱིམིང་བྱང་གྲགས་ཅནདང་ཐོན་ལས་འཕེལ་རྒྱས་ཀྱིསྒུལ་ཤུགས་སྟོབས་ཆེནདུ་གྱུར་ཡོད། 

图片