ཡར་ཀླུང་གཙང་པོའི་གྲོང་ཚོ་དང་པོ་སྟེ་ཀླུ་སྟེང་གྲོང་ཚོའི་འཕོ་འགྱུར།
发布时间:2025年09月22日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

   ཉིང་ཁྲི་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ་ཡར་ཉང་བརླན་སའི་ལྗོངས་གཟིགས་ལམ་ཆེན་གྱི་ཀྱག་ཀྱོག་བརྒྱུད་ནས་ཤར་ཕྱོགས་སུ་སྐྱོད་པའི་ཚེ། ཉང་ཆུ་དང་ཡར་ཀླུང་གཙང་པོའི་འདྲེས་མཚམས་སུ་སླེབས་པ་ཡིན། རླངས་འཁོར་སྐོར་ནས་ཡར་ཉང་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་དཀྱིལ་དབུས་སུ་སོང་བའི་ཚེ“ཡར་ཀླུང་གཙང་པོའི་གྲོང་ཚོ་དང་པོ”ཞེས་པའི་རྡོ་བརྐོས་མ་ཞིག་འགྱིང་ངེར་གནས་ཡོད་པ་སྟེ། འདི་ནི་ཀླུ་སྟེང་གྲོང་ཚོ་ཡིན་པ་དང་། འདི་ནི“གསར་བརྗེའི་རྒྱུད་རྒྱུ”རྒྱལ་དར་ནང་འཚེམ་པ་དང“ལྗང་མདོག་གི་འབྱུང་འགྱུར”བརླན་སར་བཅོལ་བའི་གྲོང་སྡེ་ཆུང་ཆུང་ཞིག་ཡིན། 

པར་འདི་ནི་ཀླུ་སྟེང་གྲོང་ཚོ་ནས་ཡར་ཉང་བརླན་སར་རྒྱང་ལྟ་བྱས་པའི་རྣམ་པ་རེད།

2021ལོའི་ཟླ7པའི་ཚེས21ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲིའི་ཉང་ཆུའི་ཟམ་ཆེན་ཐོག་ཡར་ཉང་བརླན་སར་རྟོག་ཞིབ་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀླུ་སྟེང་གྲོང་ཚོའི་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོར་བསྟན། དེང་སྐབས་གྲོང་ཚོའི་ལྗོངས་གཟིགས་སྟེགས་བུའི་ཐོག་ལངས་ནས་རྒྱང་ལྟ་བྱས་པའི་ཚེ། གནམ་སྔོན་པོ་དང་སྤྲིན་དཀར་པོ། ནགས་ཀླུང་བཅས་ཀྱིས་ཕན་ཚུན་གཅིག་རྒྱན་གཅིག་སྤྲས་བྱས་ཏེ་འཆམ་མཐུན་མཉམ་གནས་ཀྱི་མཛེས་ལྗོངས་ཞིག་གྲུབ་ཡོད། ལས་བྱེད་མང་ཚོགས་ཀྱིས་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ནས་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ཚན་ཆུང་གི་རོགས་སྐྱོར་འོག སྐྱེ་ཁམས་ཇེ་ལེགས་སུ་བཏང་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ། རི་སྔོ་ཆུ་དྭངས་དངོས་གནས་གསེར་རི་དངུལ་རིར་སྒྱུར་བ་རེད།

པར་འདི་ནི་ཚེ་རིང་ནོར་བུའི་བཟའ་མི་སྒོ་རའི་ནང་བག་ཕེབས་ངང་སྡོད་པའི་རྣམ་པ་རེད།

“ཁྱོས་བལྟས། མེ་ཏོག་ལྡུམ་ར་ཡོད་པའི་ཁང་བ་དེ་ནི་ཚེ་རིང་ནོར་བུའི་ཁྱིམ་རེད”ཅེས་གྲོང་སྡོད་ཧྲུའུ་ཅི་དང་པོ་རེན་ཏུང་ཀྲིན་གྱིས་མཛུག་སྟོན་བྱས་པའི་ཁ་ཕྱོགས་སུ་བལྟས་པའི་ཚེ། ཉི་འོད་ཀྱི་འོག་ཏུ་སྡོད་ཁང་གསར་བར་འོད་ཆེམ་ཆེམ་འཕྲོ་པ་དང་སྒོ་རའི་ནང་འདབ་བརྒྱ་རྣམ་པར་བཀྲ་བ། ཆང་བ་ལིའི་སྡོང་བོའི་འོག་བདག་མོ་ཉི་མ་ཆོས་སྒྲོན་གྱིས་བྱིས་པ་རྣམས་དང་མཉམ་དུ་ལས་བྱ་འབྲི་བཞིན་ཡོད་ལ། ཉི་འོད་སྡོང་བོའི་ལོ་འདབ་བརྒྱུད་ནས་སྒོ་རའི་ནང་འཕྲོས་པ་ན་ལོ་ཟླ་ལྷིང་འཇགས་དང་བློ་བདེ་བག་ཕེབས་ཀྱི་རྣམ་པ་ཞིག་མངོན། 

འདི་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པར་ཀྲུང་དབྱང་འཐུས་ཚབ་ཚོགས་པས་ཕུལ་བའི་རྗེས་དྲན་དངོས་རྫས་རེད།

ཁང་བའི་ནང་དུ་སོང་བའི་ཚེ། མདུན་ཅོག་ཐོག་ཇ་དེམ་དམར་བོ་ཞིག་བཞག་ཡོད་པ་དང་། དེའི་ཐོག“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ”ཞེས་པའི་ཡི་གེ་བརྐོས་ཡོད། དེའི་འགྲམ་གྱི་བཤམ་སྒྲོམ་ཐོག་གསེར་སྐུད་འཐེན་པའི་དཀར་ཡོལ་འགའ་ཡོད་པ་དང་དེ་ནི2015ལོའི་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཕུལ་བའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར50ལོན་པའི་ལེགས་སྐྱེས་རེད། ཞིབ་ཅིང་ཕྲ་བའི་གནས་ཚུལ་འདི་དག་ལས་བདག་པོས་དེ་ལ་བརྩི་མཐོང་བྱེད་པ་མཚོན་ཡོད།

འདི་ནི་བོད་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར50ལོན་པའི་ལེགས་སྐྱེས་ཏེ་ཇ་ཆས་རེད།

“ཉིན་དེར་ཀྲུང་དབྱང་འཐུས་ཚབ་ཚོགས་པ་ངའི་ཁྱིམ་དུ་ཕེབས་པར་ང་རང་ཧ་ཅང་དགའ་བ་དང་སེམས་འགུལ་ཚད་མེད་ཐེབས”ཞེས་ཚེ་རིང་ནོར་བུས་སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱས་ནས་དགའ་སྤྲོའི་ངང་བཤད། “ལོ་འདི་གར་ཀླུ་སྟེང་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་གྲོང་མིའི་འཚོ་བ་ཇེ་ལེགས་ཇེ་བཟང་དུ་ཕྱིན་ཡོད་པ་ཚང་མ་ཏང་གི་སྲིད་ཇུས་བཟང་བོ་དང་ཁ་བྲལ་ཐབས་མེད། ན་ནིང་ངེད་ཚང་གི་ཡོང་འབབ་སྒོར་ཁྲི28ལས་བརྒལ་བ་དང་། བྱིས་པས་སློབ་ཆེན་འགྲིམ་པ་དང་རྒྱུགས་འབྲས་ཧ་ཅང་ལེེགས་པ། རྒན་རྒོན་ལའང་སྨན་བཅོས་འགན་བཅོལ་ཡོད་པ། འཚོ་བར་འགན་སྲུང་ཡོད་པས་དངོས་གནས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་བཀའ་དྲིན་ཆེ་ཞུ་དགོས་ཟེར། 

གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་པའི་ཆ་ནས་ཚེ་རིང་ནོར་བུས་འཐུས་ཚབ་ཚོགས་པར་གཞི་གྲངས་སྐོར་ཞིག་གི་གནས་ཚུལ་སྙན་ཞུ་བྱས། ཕྱོགས་བཞི་མཚམས་བརྒྱད་དུ་འགྲོ་བདེ་བ་དང་དྲ་རྒྱ་གློག་ཤུགས་ཁོངས་ཡོངས་སུ་ཁྱབ་པ། བྱིས་པས་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་པ། རྒན་རྒོན་གྱིས་སྨན་པར་བསྟེན་ན་སྨན་བཅོས་འགན་བཅོལ་ཡོད་པ། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2021ལོའི་སྒོར་ཁྲི2.21ནས2024ལོའི་སྒོར་ཁྲི3.04ལ་འཕར་ཡོད།


འདི་ནི་རྒན་པོ་དབང་རྒྱལ་གྱིས་ལག་འཚེམ་བྱས་པའི་དར་དམར་རེད།