ཝང་ཧུའུ་ཉིང་བྱ་འགུལ་ལ་ཞུགས་རྗེས་ཚན་ཆུང་དང་པོའི་སྣེ་ཁྲིད་དེ་ཕྱིར་པེ་ཅིན་དུ་ཕེབས་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ9པའི་ཚེས27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐས་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་སྐོར་ཞིག་གི་སྣེ་ཁྲིད་དེ་ཨ་ལེ་ཐའེ་ས་ཁུལ་པུའུ་ཨེར་ཅིན་རྫོང་དུ་རྟོག་ཞིབ་གནང་། འདི་ནི་ཝང་ཧུའུ་ཉིང་དང་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་སྐོར་ཞིག་གིས་ཀྲ་ལ་ཐེའི་ཤང་སྡེའི་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་དུ་སྡེ་མི་དང་མཉམ་དུ་བརྗེ་རེས་བྱེད་པའི་ཚུལ་རེད།
ཞི་ཅིན་ཕིང་གི་མངག་བཅོལ་ལྟར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་ཟབ་མོ་བསྣམས་ནས། ཀྲུང་དབྱང་འཐུས་ཚབ་ཚོགས་པ་སོ་སོས་ཚེས27ཉིན་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ས་ཁུལ་མང་པོར་བསྐྱོད་དེ། མུ་མཐུད་དུ་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་ལྟ་སྐོར་དང་འཚམས་འདྲི་གནང་སྟེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཞིན་ཅང་གི་སྤྱི་ཚོགས་བརྟན་རླིང་དང་ཡུན་རིང་བདེ་འཇགས་ཀྱི་བྱ་བའི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་ནས། ཁྲིམས་ལྟར་ཞིན་ཅང་སྐྱོང་བ་དང་། མཐུན་སྒྲིལ་གྱིས་ཞིན་ཅང་གཏན་འཇགས་སུ་གཏོང་བ། རིག་གནས་ཀྱིས་ཞིན་ཅང་ལ་བརྩེ་བ་སྐྱེལ་བ། དམངས་ཕྱུག་གིས་ཞིན་ཅང་དར་སྤེལ་གཏོང་བ། དུས་ཡུན་རིང་པོར་ཞིན་ཅང་འཛུགས་སྐྲུན་བྱེད་པའི་ལས་དོན་སོ་སོ་ཞིབ་ཕྲ་དང་གཏིང་ཟབ་ངང་ལེགས་པོར་སྒྲུབ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་སྔར་ལས་མཛེས་སྡུག་གི་ཞིན་ཅང་འཛུགས་སྐྲུན་བྱེད་དགོས།