ད་ལོར་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ལ་ཡང་བསྐྱར་ལོ་ལེགས་འབྱུང་བའི་རེ་བ་ཡོད།
发布时间:2025年10月09日 消息来源:

རྩོམ་སྒྲིག་པ།ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

 ཉེ་ལམ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་གསལ་ལྟར་ན། མིག་སྔར་བོད་ལྗོངས་ཀྱི་སྟོན་བསྡུའི་ལས་དོན་གྱི་བཅུ་ཆའི་དྲུག་ལེགས་པར་འགྲུབ་ཡོད་པ་དང་། ད་ལོར་འབྲུ་རིགས་ཐོན་སྐྱེད་ལ་ཡང་བསྐྱར་ལོ་ལེགས་འབྱུང་བའི་རེ་བ་ཡོད། 

འདི་ནི་འབྲས་བུ་སྨིན་པའི་ནས་ཞིང་རེད།

ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་ལོ་ཡིན། ལོ་ངོ60ཡི་རིང་བོད་རང་སྐྱོང་ལྗོངས་ཀྱིས་འབྲུ་རིགས་ཐོན་སྐྱེད་ཁྱབ་ཁོངས་སུ་ཀུན་གྱིས་དོ་སྣང་བྱེད་དགོས་པའི་གྲུབ་འབྲས་བླངས་ཡོད། 1965ལོར་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི29.07ཙམ་དང1977ལོ་ཐོག་མར་ཏུན་ཁྲི50ཡི་འགག་ཆེན་ལས་བརྒལ་བ། 2015ལོར་ཐོན་ཚད་ཏུན་ཁྲི100ལས་བརྒལ་ནས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། 2024ལོར་སླེབས་དུས་འབྲུ་རིགས་ཐོན་ཚད་ཏུན་ཁྲི110འགག་ཆེན་ལས་བརྒལ་ནས་ཏུན་ཁྲི112.9ལ་སླེབས་པ་དང་སྤྱིའི་ཐོན་ཚད་ལྡབ3ཙམ་འཕར་ཡོད།


འདི་ནི་དེང་རབས་ཅན་གྱི་ཞིང་ལས་འཕྲུལ་འཁོར་རེད།

“སྔོན་ཆད་ང་ཚོས་ཤིང་གཤོལ་བཀོལ་ནས་རྨོ་འདེབས་དང་གནམ་ཆུར་བསྒུགས་ནས་འཚོ་བ་སྐྱེལ་བས། ས་ཞིང་མུའུ་རེའི་འབྲུ་རིགས་ཐོན་ཚད་སྤྱི་རྒྱ100ཡས་མས་ཙམ་ཡོད། དེང་སྐབས་གྲོང་ཚོ་ཡོངས་སུ་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་མངོན་འགྱུར་བྱུང་བ་དང་། སོན་བཟང‘མཚོ་བོད3000’སོགས་ཁྱབ་གདལ་དུ་བཏང་ནས་ས་ཞིང་མུའུ་རེའི་ཐོན་ཚད་སྤྱི་རྒྱ300-400འཕར་ཡོད་པ་དང་། སོན་བཟང་ཁྱབ་གདལ་དུ་གཏོང་ཚད90%ལས་བརྒལ་ཡོད”ཅེས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་གྲོང་རྡལ་མདུན་གྲོང་གྲོང་ཚོའི་གྲོང་མི་མཆོད་རྟེན་གྱིས་བཤད། རྒྱལ་ཁབ་ཀྱིས་ད་དུང་ས་ཞིང་ཆུ་བེད་སྒྲིག་གཞི་འཛུགས་སྐྲུན་བྱས་པ་དང་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་ཁྱབ་གདལ་དུ་བཏང་བ། རྨོ་འདེབས་ས་བཅུད་སྲུང་སྐྱོང་སོགས་ཁ་གསབ་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཏེ། སྔོན་ཆད་ཀྱི་རྗེས་ལུས་ཐོན་སྐྱེད་བྱེད་སྟངས་ལས་རྦད་དེ་བྲལ་ཡོད།

undefined

འདི་ནི་གསེར་མདོག་གི་ནས་ཞིང་རེད།

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཤིང་། ས་ཞིང་ཁོད་སྙོམ་དང་ཆུ་གྲོན་ཆུང་དང་ཆུ་གཏོང་བའི་སྒྲིག་ཆས་འཐུས་ཚང་། ཞིང་ཁའི་སྦུག་གུ་ལེགས་བཟོ་བཅས་བརྒྱུད་ནས་ཐོན་སྐྱེད་ཀྱི་རྨང་གཞིའི་ཞན་ཆ་གསབ་པ་དང་། བསྡོམས་པས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི450.38གསར་སྐྲུན་དང་ས་ཞིང་མུའུ་ཁྲི65.39བསྒྱུར་བཀོད་བྱས་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”དམིགས་འབེན་ཚད་བརྒལ་ལེགས་འགྲུབ་བྱུང་བ་དང་། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་མངོན་གསལ་བརྟན་དུ་བཏང་ཡོད། ཚད་གཞི་མཐོ་བའི་ས་ཞིང་གིས་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་མ་ཟད། ད་དུང་ཞིང་ལས་སོན་རིགས་གསར་བ་དང་ལག་རྩལ་གསར་བ། སྒྲིག་ཆས་གསར་བ་བཀོལ་སྤྱོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། འབྲུ་རིགས་ཀྱི་མ་གནས་གྲོན་ཆུང་དང་ཐོན་འབབ་འཕར་བའི་ནུས་པ་རྒྱུན་མཐུད་སྲ་བརྟན་དུ་བཏང་ཡོད།

བོད་ལྗོངས་ཀྱིས་ཞིང་ཕྱུགས་ལས་ཁྱབ་སྤེལ་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་གཙོ་གནད་འཛིན་གཞིར་བྱས་ནས་ལྗོངས་ཡོངས་སུ་ཤང་དང་གྲོང་རྡལ་གྱི་ཞིང་ཕྱུགས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས685བཙུགས་ནས། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དུ་ཞིང་ཕྱུགས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་བ་དང་། ཞིང་ལས་ལག་རྩལ་ཁྱབ་སྤེལ་ཞབས་ཞུའི་དྲ་རྒྱ་ཕལ་ཆེར་འགྲུབ་པ། ཚན་རིག་ལག་རྩལ་གྱི་གྲུབ་འབྲས་སྒྱུར་བའི་ཐབས་ལམ་གཞི་རྩའི་ཆ་ནས་འཐུས་ཚང་དུ་ཕྱིན་ཡོད། ཞིང་ཕྱུགས་ལས་ཚན་རིག་ཞིབ་འཇུག་རྒྱ་ཆེར་སྤེལ་བའི་ཐད། ཞིབ་བཤེར་གཏན་འབེབས་བྱས་པའི་ནས་ཀྱི་སོན་རིགས78ལ་སླེབས་ཤིང་། ནས་གཙོ་ཡིན་པའི་ཞིང་ལས་ལོ་ཏོག་གི་སོན་བཟང་ཐེངས་གསུམ་གསར་སྒྱུར་ཐུབ་པ་དང་། ཕུ་མདོའི་བལ་རྒྱུ་ཅུང་འཇམ་པའི་ལུག་དང་། ཞང་ཞུང་གི་བལ་རྒྱུ་ཅུང་འཇམ་པའི་ལུག བོད་ནུབ་བྱང་རྒྱུད་ཀྱི་བལ་དཀར་ར་མ། གངས་ལྗོངས་བྱ་དཀར་སོགས་སྒོ་ཕྱུགས་དང་བྱ་རིགས་གསར་བ4གསོ་སྐྱོང་བྱས་ཡོད། 

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་ད་དུང་ཞིང་ལས་ཚན་རྩལ་ཞབས་ཞུར་ཤུགས་བསྣན་པ་དང་། ལྗོངས་དང་གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་ཞིང་ཕྱུགས་ཚན་རྩལ་མི་སྣ5000ལྷག་རྩ་འཛུགས་བྱས་ཏེ་ཚན་རྩལ་གྱིས་འགན་གཙང་ལེན་ཞབས་ཞུ་སྤེལ་བ། ཞིང་ལས་ཚན་རྩལ་ཁྱབ་གདལ་དུ་བཏང་བ་དང་བྱང་ཆུབ་པའི་ཉེར་མཁོའི་ལག་རྩལ30ལྷག་ཁྱབ་གདལ་དུ་བཏང་ནས། རོང་འབྲོག་པའི་ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་འདེབས་པའི་ཆུ་ཚད་ནུས་ལྡན་སམཐོར་འདེགས་སུ་བཏང་། 

འདི་ནི་ལྷུན་གྲུབ་རྫོང་གིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་བརྒྱད་པར་རྟེན་འབྲེལ་ཞུ་བའི་རྣམ་པ་རེད།

ཚན་རྩལ་སྟོབས་ལྡན་དུ་གྱུར་ན་ཞིང་ལས་སྟོབས་ལྡན་དུ་འགྱུར་བ་དང་། ཚན་རྩལ་དར་སྤེལ་བྱུང་ན་ཞིང་ལས་དར་སྤེལ་དུ་འགྲོ་ངེས། སྐྱོད་ལམ་གསར་བའི་ཐོག བོད་རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་ལ་བརྟེན་ནས་རེ་བའི་ས་ཞིང་རྨོ་འདེབས་བྱེད་པ་དང་སྔར་ལས་ངོ་མཚར་ཆེ་བའི་ལོ་ལེགས་ཀྱི་གཏམ་རྒྱུད་བྲིས་ནས་འཚོ་སྡོད་དང་ལས་གཏོད་ལ་འཚམ་པའི་འཆམ་མཐུན་ཞིང་སྡེ་ཧུར་ཐག་གིས་བསྐྲུན་པ་དང་། གོམ་ཞེང་ཆེན་པོས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གྱི་མཛེས་སྡུག་ལྡན་པའི་སང་ཉིན་དུ་བསྐྱོད་དགོས། །