“མཐུན་སྒྲིལ་དང་ལྷན་འཛོམས”ཞེས་པའི་བྱེད་སྒོ་ཡིས་མི་རིགས་མཐུན་སྒྲིལ་གྱི་སྒྲོག་འགྲེལ་སྔར་བས་དོན་དངོས་ཅན་ལ་བསྒྱུར།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ཆར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་བརྒྱད་གཅིག་ལམ་སྲང་ལམ་ལས་དོན་ཁང་སློབ་གླིང་སྡེ་ཁུལ་གྱི་ཏང་ཨུས་ལག་གདང་མཉམ་སྦྲེལ་གྱིས་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུས། མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་དུ་རྩོམ་ཞེས་པའི་ཤེས་བྱའི་དྲི་བ་དྲིས་ལན་གྱི་བྱེད་སྒོ་སྤེལ། སྡེ་ཁུལ་གྱི་ཏང་ཨུས་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་ཟླ་བའི་ནང་། སྲོལ་རྒྱུན་གྱི་ཟླ་མཆོད་དུས་ཆེན་གྱི་གོ་སྐབས་དང་བསྟུན་ནས་རིག་རྩལ་འཁྲབ་སྟོན་དང་ཤེས་བྱའི་དྲི་བ་དྲིས་ལན་གྱི་བྱེད་ཐབས་བརྒྱུད་དེ། ལྷན་འཛོམས་དང་མཐུན་སྒྲིལ་ཟུང་འབྲེལ་བྱས་ཤིང་། རིག་རྩལ་འཁྲབ་སྟོན་དང་གཞུང་ལུགས་དྲིལ་སྒྲོག་མཉམ་འདྲེས་བྱེད་པའི་རིག་གནས་ཀྱི་གསོལ་སྟོན་ཁྲོད། མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་ལས་དོན་ལ་སྔར་བས་ཁྱད་ཆོས་ལྡན་དུ་བཅུག་སྟེ་དྲིལ་སྒྲོག་གི་མཐོ་ཚད་རྒྱུན་འཁྱོངས་བྱས་ཤིང་དྲིལ་སྒྲོག་ལས་དོན་གྱི་དོན་དངོས་རང་བཞིན་ལ་ཁག་ཐེག་བྱས། །