ཁྲི་ཤོར་རྒྱལ་མོའི་སྟོན་ཉམས།
发布时间:2025年10月27日 消息来源:

རྩོམ་སྒྲིག་པ།ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


 སྟོན་ཟླ་བཅུ་པར། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རྩྭ་ཐང་གསེར་མདོག་ཏུ་གྱུར་ཞིང་། ལུག་ཁྱུས་བག་ཕེབས་ངང་རྩྭ་ཐང་དུ་ཅི་དགར་རྩེན་བཞིན་ཡོད། སྔོ་ལྗང་གི་མཚོ་ངོས་སུ་ཆུ་བྱའི་ཚོགས་ཀྱིས་མཁའ་རུ་ལྡིང་སྐོར་རྒྱག་བཞིན་ཡུལ་སྐོར་པ་དང་ཉེ་བར་བཅར་པ་དེས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་པའི་རི་མོ་ཞིག་གྲུབ་ཡོད། །