མགོ་ལོག་པད་མའི་མཚར་སྡུག་གི་སྟོན་ལྗོངས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

པར་འདི་ནི་པད་མའི་སྟོན་ཁའི་རྣམ་པ་ཡིན།
ཆ་སྙོམས་ཀྱི་ས་བབ་སྨི3600ཡོད་པའི་སྨར་ཁོག་གཙང་པོའི་ནགས་ཁུལ་ཁྲོད་དུ། མཚོ་བོད་མཐོ་སྒང་གི་ཆེས་མཚར་སྡུག་གི་སྟོན་ཁའི་ཡུལ་ལྗོངས་སྐུང་ཡོད་ལ། སྟོན་ཟླ་བཅུ་བར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་པད་མ་རྫོང་དུ་ཆེས་བཀྲག་མདངས་མཚར་བའི་སྟོན་ལྗོངས་ཀྱི་རི་མོ་ཅིག་གྲུབ་ཡོད་དེ། མཁའ་དབྱིངས་ནས་མར་བལྟས་ཚེ། མཚོ་སྔོན་དང་སི་ཁྲོན་གྱི་འབྲེལ་མཚམས་སུ་གནས་པའི་གདོད་མའི་ནགས་ཁུལ་དེ་ནི་ས་གཞི་ཆེན་པོའི་སྟེང་ཁྲ་རུ་བརྒྱན་པའི་རིན་པོ་ཆེ་ཞིག་དང་འདྲ་བར་ཡིད་འོངས་ཀྱི་འོད་མདངས་ཤིག་འཚེར་བཞིན་ཡོད་ལ། ནགས་ཁུལ་ཁྲོད་ཀྱག་ཀྱོག་ཏུ་བརྒྱུད་པའི་སྨར་ཁོག་གཙང་པོ་ནི་དྭངས་ཤིང་གསལ་ལ་རི་ཀླུང་དང་ནགས་འདབས་བསྐོར་ནས་ཆབ་ཆིབ་དུ་འབབ་བཞིན་ཡོད། གསེར་མདོག་གི་གསོམ་སྡོང་དང་ལྗང་མདོག་གི་ཐང་ཤིང་། དམར་མདོག་གི་སྡོང་ཕྲན་བཅས་ཀྱིས་ཚོན་མདངས་རྣམ་པར་བཀྲ་བའི་སྣུམ་ཚོན་རི་མོ་ཞིག་གྲུབ་ཡོད། སྨར་ཁོག་གཙང་པོའི་ནགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི10.18ཡོད་པ་དང་། དེ་ནི་འབྲི་ཆུ་འབབ་རྒྱུན་གྱི་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བ་དང་ཁྱབ་ཚུལ་ཆེས་གཅིག་སྡུད་ཡིན་པ། རྒྱལ་ནང་གི་ས་བབ་ཆེས་མཐོ་བའི་རང་བྱུང་གི་གདོད་མའི་ནགས་ཁུལ་ཡིན། །









པར་འདི་དག་ནི་པད་མའི་མཚར་སྡུག་གི་སྟོན་ལྗོངས་ཡིན།