【VRབོད་ཁམས་མཐོང་བ་ཀུན་སྨོན】བྱེ་སྣའི་རྒྱལ་ཁབ་བྱེ་མའི་སྤྱི་གླིང་།
发布时间:2025年10月31日
消息来源:
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཀོས་ནན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་ཤིང་། རྫོང་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6649.7ཟིན་པ་དེའི་ནང་བྱེ་ཐང་ཅན་དུ་གྱུར་བའི་ས་ཞིང་གི་རྒྱ་ཁྱོན་མུའུ342ཟིན་པ་དང་། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་ལ། བྱེ་ཐང་ཅན་དུ་གྱུར་བའི་ས་ཞིང་གི་ཁྱབ་རྒྱ་ཅུང་ཆེ་ཞིང་། བྱེ་མར་འགྱུར་བའི་གནོད་འཚེ་ཚབས་ཅུང་ཆེ་བའི་ས་ཁུལ་གྱི་གྲས་ཤིག་ཀྱང་ཡིན། 1996ལོ་ནས་བཟུང་ཀོས་ནན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བྱེ་འགོག་བྱེ་བཅོས་བྱ་རྒྱུ་དེ་སྐྱེ་ཁམས་གནས་བབ་ཇེ་ལེགས་སུ་གཏོང་བའི་ལས་འགན་ཨང་དང་པོར་བརྩིས་ནས། བྱེ་ཐང་ས་ཁོངས་སུ་གཞི་ཁྱོན་སྔར་བྱུང་མྱོང་མེད་པའི་བྱེ་འགོག་ནགས་བཟོའི་བྱེད་སྒོ་སྤེལ་ཏེ། བྱེ་སྣ་དང་མུ་གེ་ཐང་དུ་མཐའ་འཁོར་རིང་ཚད་ལ་སྤྱི་ལེ300ལྷག་ཡོད་པའི “བྱེ་ཐང་གི་ལྗང་མདོག་ལྕགས་རི”བསྐྲུན་ནས་། དེ་སྔའི་བྱེ་རྡུལ་གྱིས་ཁེབས་པའི་བྱེ་སྣ་ས་ཁུལ་ད་ལྟར་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་ལྗང་མདོག་གི་ལྗོན་ཤིང་གིས་ཁྱབ་ཡོད།
ལོ་ངོ29རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཀོས་ནན་རྫོང་ནི་མཚོ་སྔོན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་ཀྱི་ཐན་སྐམ་ཚབས་ཆེན་ས་ཁུལ་གྱི་བྱེ་འགོག་བྱེ་བཅོས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། མི་རབས་ནས་མི་རབས་བར་སྔོ་ལྗང་འདེབས་འཛུགས་བྱེད་མཁན་གྱིས་བྱེ་ཐང་དུ་ལྗང་མདོག་གི་ས་བོན་བཏབ་པ་དེས་ས་གཞི་དེར་རེ་བ་དང་འགྱུར་ལྡོག་བཏང་ཡོད། ཀོས་ནན་རྫོང་གིས་སྐྱེ་ཁམས་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ལག་བསྟར་བྱ་རྒྱུར་དམ་འཛིན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དཔེ་སྟོན་རྫོང་གི་སྤྱིའི་དམིགས་ཚད་ལ་གམིགས་ནས། རྣམ་གྲངས་ཀྱིས་སྐུལ་ཁྲིད་དང་རྫོང་རིམ་པས་མ་དངུལ་རང་སྡུད་བྱེད་པ། ཁེ་ལས་ནང་འདྲེན། མང་ཚོགས་སྐུལ་སློང་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད། སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ཞིང་། དམངས་འཚོར་ཕན་ཁེ་བསྐྲུན་ཡོད། མིག་སྔའི་བར། ཀོས་ནན་རྫོང་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར17.5བཏང་ནས། བྱེ་ཐང་ཅན་དུ་འགྱུར་ཚད་ཁྱོན་མུའུ་ཁྲི221བཅོས་སྒྲིག་བྱས་པ་དེའི་ནང་། མིས་ཐབས་ལ་བརྟེན་ནས་བྱེ་བཅོས་ནགས་སྐྲུན་མུའུ་ཁྲི164(རྨོ་བསྐྱུར་ནགས་གསོའི་རྩྭ་ས་མུའུ་ཁྲི28.6ཚུད)བྱས་པ་དང་། བྱེ་འགོག་ནགས་གསོ་རྩྭ་མུའུ་ཁྲི57བཟོས་ཡོད། ཚོད་རྩིས་བྱས་པ་བརྒྱུད། མུའུ་ཁྲི50ལྷག་གི་བྱེ་ཐང་ལ་བཅོས་སྐྱོང་ནུས་ལྡན་བྱས་ནས་རྫོང་ཡོངས་ཀྱི་ནགས་ཚལ་ཁེབས་ཚད8.26%ཟིན་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད66.21%ཟིན་ཡོད།