网站无障碍
ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་གཏེར་རི་བཅོས་སྐྱོང་བརྟག་ཞིབ་གནང་།
发布时间:2025年12月11日 消息来源:

རྩོམ་སྒྲིག ཚེ་གཟུངས། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ཆར། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་སྒོ་བསྟེན་ཁང་དུ་སྨན་བཅོས་བྱེད་པའི་ནད་པ་སྣ་ཚོགས་ཁྲོད། ཆམ་རིམས་གདགས་གཤིས་ཡིན་ཚད45%ཟིན་ལ་ཉེ་བ་དང་། སྤྱིར་ན་ཆམ་ནད་ཁྱབ་ཚད་འབྲིང་བའི་ཚད་ལ་སླེབས་ཡོད། ཞིང་ཆེན་ལ་ལར་ཁྱབ་ཚད་ཇེ་ཆེར་སོང་ནས་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་ཡོད།

ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པར་གཞིགས་ན། ཁྱབ་ཚད་མཐོ་ཤོས་དེ་སྤྱིར་བཏང་ཟླ12པའི་ཟླ་དཀྱིལ་དང་ཟླ་མཇུག་ནས་ཟླ་དང་པོའི་ཟླ་སྟོད་བར་ཐོན་པ་དང་དེ་ནས་མར་ཆག་པའི་དུས་མཚམས་སུ་སླེབས་རྒྱུ་རེད།

ཆམ་རིམས་སྔོན་འགོག་བྱེད་པར་དོན་ཚན་ལྔ་པོ་འདི་དག་ངེས་དགོས་ཏེ།

①མི་སྒེར་གྱི་འཕྲོད་བསྟེན་རྒྱུན་འཁྱོངས་དང་། ལག་པ་བཀྲུ་བ། མི་གཞན་དང་རང་ཉིད་ཀྱི་དངོས་པོ་མཉམ་དུ་མི་སྤྱོད་པ།

②ཆམ་རིམས་སྔོན་འགོག་སྨན་ཁབ་རྒྱག་པ།

③དྲོད་སྲུང་བྱེད་པ།

④མི་ཚོགས་འདུ་སར་མི་འགྲོ་བ།

⑤ནད་དུག་ལ་སྔོན་འགོག་གིས་ནད་གཞི་ཚབས་ཆེན་པོ་ཡོད་ན་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

ཆམ་རིམས་ནི་རྒྱུན་དུ་མཐོང་བའི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན་པའི་ཆ་ནས། ལོ་ལྟར་གནམ་གཤིས་གྲང་དུ་སོང་བ་དང་བསྟུན་ནས་ཆམ་རིམས་ཐོན་གྱི་ཡོད་པས། མི་རྣམས་ཀྱི་ལུས་ཁམས་བདེ་ཐང་དང་རྒྱུན་ལྡན་གྱི་འཚོ་བར་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཐེབས་བཞིན་ཡོད། ཆམ་རིམས་ནད་དུག་གི་ཁྱད་ཆོས་དང་ཁྱབ་ཚུལ། ནད་ཐོག་མངོན་ཚུལ། དེ་བཞིན་སྔོན་འགོག་བྱེད་ཐབས་བཅས་ལ་རྒྱུས་ལོན་བྱ་རྒྱུ་དེ་ཆམ་རིམས་ལ་ཁ་གཏད་ནུས་ལྡན་ངང་གཅོག་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

ང་ཚོས་རི་མོར་བལྟས་ནས་སྤྱིར་བཏང་ཆམ་པ་དང་ཆམ་རིམས་དབྱེ་བ་འབྱེད་ཆོག

图片

ཆམ་རིམས་དར་བའི་དུས་ཚིགས་སུ་འགོག་སྲུང་བྱེད་དུས་ནོར་འཁྲུལ་གང་དག་ལས་གཡོལ་དགོས།

图片