ལྷ་ཀླུ་རླན་ས་ལ“འཛམ་གླིང་གི་ས་བབ་ཆེས་མཐོ་བའི་གྲོང་ཁྱེར་གྱི་རང་བྱུང་རླན་ས”ཡིན་པའི་འཛམ་གླིང་ཟིན་ཐོའི་བདེན་དཔང་ཐོབ་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

པར་འདི་ནི་ཟླ12པའི་ཚེས20ཉིན་པར་བླངས་པའི་ཁྲུང་ཁྲུང་མགོ་ཁྲ་ལྷ་ཀླུ་རླན་སའི་བར་སྣང་ནས་འཕུར་བཞིན་པའི་ཚུལ་རེད།
ཟླ12པའི་ཚེས20ཉིན། “འཛམ་གླིང་གི་ས་བབ་ཆེས་མཐོ་བའི་གྲོང་ཁྱེར་གྱི་རང་བྱུང་རླན་སའི”WRCAའཛམ་གླིང་ཟིན་ཐོའི་བདེན་དཔང་བྱ་འགུལ་ལྷ་ཀླུ་རླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྤེལ།
རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལྷ་ཀླུ་རླན་སའི་ཆ་སྙོམས་ས་བབ་སྨི3645ཟིན་པ་དང་། སྲུང་སྐྱོང་རྒྱ་ཁྱོན་སྨི་གྲུ་བཞི་མ12.2ཟིན་པས“ལྷ་སའི་གློ་བ”ཞེས་འབོད་ཀྱིན་ཡོད།


