网站无障碍
བོད་ལྗོངས་དིང་རི་རྫོང་ཟིང་དཀར་གྲོང་ཚོའི་ཡོམ་རྗེས་བསྐྱར་སྐྲུན་གྱི་རྣམ་པ་གསར་པ།
发布时间:2026年01月09日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།



2025ལོའི་ཟླ1པོའི་ཚེས7ཉིན། བོད་ལྗོངས་དིང་རི་ལ་རིམ་པ6.8ཅན་གྱི་ས་ཡོམ་བྱུང་བ་དང་། ལོ་གཅིག་འགོར་ལ་ཉེ་བའི་སྐབས་ཀྱི་ཟླ1པོའི་ཚེས5ཉིན་གསར་འགོད་པ་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་སོ་ཤང་གི་ཟིང་དཀར་གྲོང་ཚོར་བསླེབས་དུས། གནས་འདིར་བོད་ལུགས་ཀྱི་ཁང་པ་གསར་པ་དག་གྲལ་སྒྲིག་ཡོད་པ་དང་། ཁང་པ་གསར་པའི་ནང་གི་རྒྱན་སྤྲས་མཛེས་ཤིང་ཁང་ཀླད་དུ་ཉི་ནུས་ཀྱི་ཆུ་དྲོད་གཏོང་ཆས་གྲལ་ལྟར་སྒྲིག་ཡོད་པ་དང་། ཆུ་གློག་སོལ་རླངས་སོགས་ཀྱི་འཚོ་བའི་མ་ལག་ཆ་ཚང་བར་བསྒྲིགས་ཡོད།  གྲོང་ཚོའི་ཚོང་ཁང་དུ་སྔོ་ཚལ་དང་ཤིང་ཏོག་སྣ་ཚོགས་བསྒྲིགས་ནས་ཚོང་ཟོག་ཡོང་ཁུངས་འཛོམས་པོ་ཡོད། སྡེ་མི་ཚོ་གསུམ་རེ་བཞི་རེ་བྱས་ཏེ་དགོད་སྒྲ་ཟམ་མི་ཆད་པར་ཤོ་རྩེ་བཞིན་ཡོད་པ་དང་། གྲོང་ཚོའི་དམངས་འཚོ་ཡི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱས་ཡོད། ཤེས་གསལ་ལྟར་ན་ཐེངས་འདིའི་གཞིས་ཀ་རྩེ་ཡོམ་རྗེས་ཀྱི་གནོད་རྗེས་བསྐྱར་སྐྲུན་རྫོང7དང་གྲོང་རྡལ47། གྲོང་ཚོ486ལ་ཁེབས་ཡོད་པ་དང་།  དུད་ཚང་ཁྲི2.2ལྷག་ཙམ་གྱི་སྡོད་ཁང་བསྐྱར་སྐྲུན་བྱས་པ་དང་དུད་ཚང་ཁྲི1.05ལྷག་ཙམ་གྱི་སྡོད་ཁང་ཉམས་གསོ་དང་སྲ་བརྟན་དུ་གཏོང་བ་ལེགས་འགྲུབ་བྱུང་ནས་རྩིས་སྤྲོད་བྱས་ཤིང་། གནོད་ཐེབས་མང་ཚོགས་སེམས་པ་སྤྲོ་བའི་ངང་སྡོད་ཁང་གསར་པར་གནས་སྤོ་བྱས་པ་རེད། །


པར་འདི་ནི་གྲམ་སོ་ཤང་ཟིང་དཀར་གྲོང་ཚོའི་སྡེ་མིས་ལོ་སར་གྱི་དངོས་ཟོག་འདེམས་བཞིན་པའི་རྣམ་པ་རེད།

པར་འདི་ནི་སྡེ་མི་བུ་ཁྲིད་ཀྱིས་ཁྱིམ་འགྲམ་གྱི་ཚོང་ཁང་དུ་སྔོ་ཚལ་ཉོ་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟིང་དཀར་གྲོང་ཚོའི་བྱིས་པ་ཚོ་རྐང་རྩེད་སྤོ་ལོ་རྩེ་བཞིན་པའི་ཚུལ་རེད།

པར་འདི་ནི་ཟིང་དཀར་གྲོང་ཚོའི་བྱིས་པ་ཚོ་ལག་རྩལ་སྤོ་ལོ་རྩེ་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟིང་དཀར་གྲོང་ཚོའི་བུ་མོ་ཆུང་ཆུང་གཉིས་ཀྱིས་ཁང་གསར་མདུན་དུ་ལྕགས་རྟ་ཞོན་བཞིན་པའི་ཚུལ་རེད།

པར་འདི་ནི་ཟིང་དཀར་གྲོང་ཚོའི་ཇ་ཁང་དུ་སྡེ་མི་ཚོས་ཤོ་རྩེ་བཞིན་པའི་རྣམ་པ་རེད།

པར་འདི་ནི་བསྐྱར་སྐྲུན་བྱས་པའི་ཟིང་དཀར་གྲོང་ཚོའི་ཟུར་ཞིག་ཡིན།