网站无障碍
སྲིད་ཇུས་ཀྱིས་རམ་འདེགས་བྱས་ཏེ། ཕུགས་བསམ་དོན་དངོས་སུ་བསྒྱུར་བ།
发布时间:2026年01月19日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཞིབ་འཐག་བྱས་རྗེས་ཀྱི་ཁོ་ཧྥེ་སྲན་མ་དེ་གཙང་གསུམ་འབྱུང་ཡུལ་གྱི་ཆུ་དྭངས་མོས་བཙོས་རྗེས། དེ་མ་ཐག་ཏུ་ཁོ་ཧྥེའི་དྲི་བསུང་འཐུལ་ཡོང་། དུང་འཚོས་སྙིགས་རོ་བཙགས་རྗེས། བྱང་ཆ་ལྡན་པའི་སྒོ་ནས་ཁོ་ཧྥེའི་ནང་དུ་ཀ་ར་གྲུ་བཞི་མ་དང་འབྲི་མོའི་འོ་མ་བླུགས་རྗེས། འབྲི་འོ་ཁོ་ཧྥེ་ཕོར་བ་གང་བཟོས་བྱུང་།

དུང་འཚོའི་ཚོང་ཁང་གི་ཉེ་འཁོར་དུ། ཨ་དཀར་དང་རིག་འཛིན་ལྷ་མོས་སྲེག་བཟོ་བྱས་པའི་ནོར་ཤ་ལྕགས་ལེབ་ངོས་སུ་ཚག་སྒྲ་གྲགས་བཞིན་འདུག དུས་ཚོད་རིང་པོ་མ་འགོར་བར། ཕལ་ཆེར་གྲུབ་ཟིན་པའི་ནོར་ཤ་ཧེམ་བག་ནང་དུ་གཅུད་རྗེས། སིལ་སླད་འདག་ཁུ་སོགས་བྲོ་རྫས་དང་བསྡེབས་ནས། ནོར་ཤའི་ཧེམ་བག་ཅིག་མགྲོན་པོའི་ལག་ཏུ་བཞག

སོག་རུ་མ་ཞང་དུ་ལོག་པའི་དུང་འཚོས་སྐུ་མགྲོན་རྣམས་ལ་འབྲི་འོ་ཁོ་ཧྥེ་སྐོལ་བ།

དགུན་དུས་ཀྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་རྩྭ་ཐང་ནི་དེ་འདྲའི་དབེན་འཇགས་ཤིག་མ་རེད། སོག་རུ་མ་ཞང་གི་ཡུལ་གཞན་གནས་སྤོ་བྱེད་སའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བསྡུ་འགྲེམ་རྟེན་གཞི(གཤམ་དུ་བསྡུ་འགྲེམ་རྟེན་གཞི་ཞེས་བསྡུས་མིང་སྤྱད་ཡོད)རུ། འབྲི་མོའི་འོ་མས་དྲི་བསུང་འདྲེས་པའི་ཁོ་ཧྥེ་དང་ནོར་ཤའི་དྲི་ཞིམ་འཐུལ་བའི་ཧེམ་བག་གིས་ཚོང་འདུས་སུ་ཡོང་བའི་ཡུལ་མི་ཚོར་ཁ་བསོད་སྦྱིན་ཏེ། ཡུལ་དངོས་སུ་འདུ་འཛི་འཁྲུགས།

སི་ཁྲོན་དུ་སློབ་ཆེན་བཏོན་རྗེས་ཀྱི་དུང་འཚོར་མ་གཞི་རྒྱལ་ཁམས་འགྲིམས་ཏེ་འཕེལ་རྒྱས་གཏོང་བའི་འདུན་མ་ཡོད། ཡིན་ནའང་། མོ་ཕ་ཡུལ་དུ་ལོག་པ་ན་དེ་སྔའི་ཉམས་རྒུད་ཀྱི་རྣམ་པ་སྔ་མོ་ནས་མི་མཐོང་། ཞང་གྲོང་གི་སྲང་ལམ་གཙང་ཞིང་གྲ་དག་པ་དང་། རྒྱ་ལམ་ཡངས་ཤིང་ཁོད་སྙོམས། ལྷག་པར་གསར་དུ་བསྐྲུན་པའི་བསྡུ་འགྲེམ་རྟེན་གཞི་རུ། ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་དང་། ཀྲུང་བོད་གསོ་རིག་སྨན་རྫས་ཉོ་ཚོང་། རིག་གནས་གསར་གཏོད་ཐོན་རྫས་ཕྱིར་འཚོང་བཅས་བྱེད་པའི་ཚོང་བ་དང་ཚོང་མགྲོན་གཙང་པོའི་རླབས་རྒྱུན་བཞིན་རྒྱུན་ཆད་མེད། དེ་སྔའི་ཞང་གྲོང་ལ“བཞིན་ཐང”དང“ནང་སྙིང”གཉིས་ཀ་འཛོམས། དེ་ནས། མོས་བློ་ཐག་བཅད་ནས་ཕྱིར་ཕ་ཡུལ་དུ་ལོག་སྟེ་བསྡུ་འགྲེམ་རྟེན་གཞིའི་ཉིས་ཐོག་ཏུ་ཁོ་ཧྥེ་ཁང་ཞིག་གཉེར། ཟླ་འགའ་འགོར་བའི་རིང་ཚོང་ལས་ཤིན་ཏུ་བྲིན་བྱུང་། དུང་འཚོ་དང་འདྲ་བར། ཨ་དཀར་དང་རིག་འཛིན་ལྷ་མོས་ཟི་ལིང་དུ་སློབ་ཆེན་བཏོན་རྗེས། ཕ་ཡུལ་ལ་དགའ་ཞེན་བཅངས་ནས། རང་སའི་སྤུས་ལེགས་ནོར་ཤའི་ཐོན་ཁུངས་ལ་གཞི་བཅོལ་ཏེ། ཕ་ཡུལ་དུ་འདུ་ཤེས་གསར་པ་གཙོ་བོར་འཛིན་པའི་ཧེམ་བག་ཁང་ཞིག་ཕྱེས། གསར་གཏོད་ཀྱི་བྲོ་བ་འཛོམས་པའི་ཁྱད་ལྡན་ཧེམ་བག་གིས་མགྲོན་པོ་མི་འདྲ་བའི་ལྕེ་དབང་གི་དགོས་མཁོ་བསྐངས། དུས་མཚུངས་སུ། ཞིམ་མངར་ལྡན་པའི་ཞོག་གཤར་དང་། ཁ་ལ་ཞིམ་པའི་བཏུང་བ་བསྡེབས་པས། འབྲོག་པས་བྱིས་པ་ཁྲིད་ནས་ཞང་ཐོག་གི་ཚོང་འདུས་སུ་སླེབས་པ་ན། ཞིང་ཆེན་གྲོང་ཁྱེར་དུ་མ་ཕྱིན་ཀྱང་བྲོ་བ་གཞན་དང་མི་མཚུངས་པའི་ཟས་མཆོག་ལ་རོལ་ཐུབ།

སོག་རུ་མ་ཞང་དུ། ཕྱིར་རང་ཡུལ་དུ་ལོག་པའི་ན་གཞོན་རྣམས་ཀྱིས་མཉམ་འདྲེས་དཔལ་འབྱོར་གྱི་རྣམ་པ་གསར་པ་ཞིག་སྐྲུན་བཞིན་མཆིས།མཉམ་འདྲེས་ཀྱི་བསམ་ཕྱོགས་དེས། སྲོལ་རྒྱུན་གྱི་ཞིང་ཕྱུགས་ཐོན་རྫས་ལ་སྔར་མེད་ཀྱི་སྐྱེས་སྟོབས་སྦྱིན།

“ནོར་ཤ་ནི་ང་ཚོ་རང་སའི་མི་རྣམས་ཆེས་དགའ་སའི་ཟས་རིགས་ཤིག་ཡིན། དེ་ཉིད་ཧེམ་བག་ནང་དུ་གཅུད་ན་བྱིས་པ་ཚོ་སྔར་ལས་ཀྱང་བཟའ་འདོད་ཆེ་བར་འགྱུར། བསྡུ་འགྲེམ་རྟེན་གཞིའི་ནང་གི་ཡུལ་སྐོར་པ་དང་མགྲོན་པོ་རྣམས་བྲོ་བ་མྱོང་བར་དགའ་བས། ཚོང་ལས་དངོས་གནས་བཟང་པོ་འདུག”རིག་འཛིན་ལྷ་མོས་དགའ་བཞིན་དུ་བཤད།

གཅིག་སྒྲིལ་རྫོང་གཞོན་སྐྱེས་ལས་གཏོད་པ་རིག་འཛིན་ལྷ་མོས་ནོར་ཤའི་ཧེམ་བག་བཟོ་བ།

ན་གཞོན་འདི་དག་གིས་གྲོང་ཁྱེར་དུ་བསགས་པའི་ཉམས་མྱོང་དང་། ལག་རྩལ་དང་འདུ་ཤེས་གསར་པ་བསྣམས་ནས་ཕ་ཡུལ་དུ་ལོག་སྟེ། འབྲོག་ཁུལ་རྩྭ་ཐང་དུ་རང་ཉིད་ལ་དབང་བའི་བྱ་བའི་གོ་སྐབས་འཚོལ་བཞིན་ཡོད། ཁོ་མོ་ཚོས་ས་དེའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ཁུངས་ལ་བརྟེན་ཞིང་། སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་འོག ལས་གཏོདལམ་བུ་རིམ་གྱིས་བདེ་ཞིང་བརྟན་པོ་བྱུང་། མི་སྒེར་གྱི་རིན་ཐང་མངོན་འགྱུར་བྱས་པར་མ་ཟད། གྲོང་གསེབ་དར་སྤེལ་ཐད་ལ་སྐྱེ་སྟོབས་དང་གསོན་ཤུགས་བསྣན།

2025ལོའི་ཟླ5པའི་ཚེས1ཉིན། བསྡུ་འགྲེམ་རྟེན་གཞི་དངོས་སུ་སྤྱོད་མགོ་ཚུགས། ང་ཚོས་ཕྱིར་འཚོང་དང་། མཛོད་ཉར། འགྲེམ་འཚོང་བཅས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཚོང་ར་བསྐྲུན་པར་འབད་བརྩོན་བྱས་པས། ཁ་ཐོར་ཡིན་པའི་གཉེར་སྐྱོང་གཙོ་གཞི་ལ་གཅིག་སྡུད་ཀྱི་ཕྱིར་འཚོང་སྟེགས་བུ་ཡོད་པར་གྱུར།མིག་སྔར། ཚོང་ཁང20ལྷག་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱས་ཤིང་། ཐོན་ལས་སྣ་ཚོགས་གཅིག་སྡུད་དང་མུ་འབྲེལ་གྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། རང་བདག་ལས་གཏོད་ཀྱི་ཚོང་བར། དངུལ་རྩའི་རྒྱབ་སྐྱོར་དང་། བོགས་དངུལ་ཆག་ཡང་བཏང་བ་དང་། དྲོད་ལེན་གྲོན་དངུལ་མི་བསྡུ་བ་སོགས་ཀྱི་སྲིད་ཇུས་བཟང་པོ་ལག་ཏུ་བསྟར་ཏེ། ཕྱིར་ཕ་ཡུལ་དུ་ལོག་པའི་ན་གཞོན་རྣམས་ལ་འགན་སྲུང་གལ་ཆེན་འདོན་སྤྲོད་བྱས།”སོག་རུ་མ་ཞང་གི་རྩ་འཛུགས་ཨུ་ཡོན་ཧྲི་རུང་གིས་དེ་ལྟར་བཤད།