网站无障碍
གཞིས་ཀ་རྩེའི་མང་ཚོགས་ཀྱིས་སོ་ནམ་ལོ་གསར་རོལ་བ།
发布时间:2026年01月26日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


图片

ཟླ་དང་པོའི་ཚེས20ཉིན་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སོ་ནམ་ལོ་གསར་གྱི་ཚེས་གཉིས་རེད། གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་གྲོང་གསུམ་གྲོང་ཚོའི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ། ཞིམ་མངར་གྱི་ནས་ཆང་དང་ལུག་ཤ་བཙོས་མ་སོགས་སྒྲིག་ནས་གཉེན་ཉེ་སྤུན་མཆེད་དང་ཁྱིམ་མཚེས་གྲོགས་པོ་དང་མཉམ་དུ་སྒྲ་སྙན་དཀྲོལ་ཞིང་གླུ་ལེན་གར་འཁྲབ་བྱས་ནས་སོ་ནམ་ལོ་གསར་རོལ་བཞིན་ཡོད།

བོད་ལྗོངས་གཞིས་ཀ་རྩེའི་སོ་ནམ་ལོ་གསར་དང་ལྷ་ས་སོགས་ས་ཁུལ་གྱི་བོད་ལུགས་ལོ་གསར་བར་ཟླ་གཅིག་གི་བར་ཁྱད་ཡོད། གཞིས་ཀ་རྩེར“བོད་ལྗོངས་ཀྱི་འབྲུ་མཛོད”ཅེས་པའི་མཚན་སྙན་ཡོད་པས། ལོ་རྒྱུས་ཐོག་གཞིས་ཀ་རྩེའི་མང་ཚོགས་ཀྱིས་སོས་དལ་བག་ཕེབས་ངང་ལོ་གསར་རོལ་ཐུབ་པ་དང་ཞིང་ལས་རྨོ་འདེབས་ཀྱང་འཐུས་ཤོར་མི་ཡོང་ཆེད། སོ་ནམ་ལོ་གསར་འདི་ཉིད་ཞིང་ལས་དལ་དུས་ཀྱི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་གཏན་འཁེལ་བྱས་ཤིང་། གོམས་སྲོལ་འདི་ད་བར་རྒྱུན་འཁྱོངས་བྱས་ཡོད། །

图片
图片
图片