མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པའི་གྲ་སྒྲིག་ཚོགས་འདུ་འཚོགས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ2པའི་ཚེས3ཉིན་གྱི་ཕྱི་དྲོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་བདུན་པའི་གྲ་སྒྲིག་ཚོགས་འདུ་འཚོགས། ཚོགས་འདུར་སླེབས་དགོས་པའི་འཐུས་མི214དང་། གྲ་སྒྲིག་ཚོགས་འདུར་ཞུགས་པའི་འཐུས་མི186ཡོད་པས་ཁྲིམས་གཏན་མི་གྲངས་དང་མཐུན།

གྲ་སྒྲིག་ཚོགས་འདུ་དེ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆན་གོ་ཆིང་གིས་གཙོ་སྐྱོང་གནང་།

གྲོས་ཚོགས་ཐོག་ལག་པ་བཀྱགས་ནས་བརྡས་ཐག་གཅོད་པའི་ཐབས་ལ་བརྟེན་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ་དང་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོ། གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ། འཆར་གཞི་དང་སྔོན་རྩིས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ་བཅས་ལ་གྲོས་འཆམ་བྱུང་བ་དང་། འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་མིང་ཐོ་ཁྱབ་བསྒྲགས་བྱས།

གྲ་སྒྲིག་ཚོགས་འདུ་གྲོལ་རྗེས། ཏང་ཡོན་འཐུས་མིའི་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས།