网站无障碍
ཞི་ཅིན་ཕིང་གིས་ལོ་སར་སྔ་རོལ་དུ་པེ་ཅིན་གྱི་གཞི་རིམ་ལས་བྱེད་པ་མང་ཚོགས་ལ་འཚམས་འདྲི་གནང་བ།
发布时间:2026年02月13日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཚེས10ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་རྟོག་ཞིབ་མཛད་པ་དང་། སྔ་རྗེས་སུ་ཞིན་ཅེ་ཁོའུ་སྲང་ལམ་གྱི་ཕ་མའི་ཟ་ཁང་དང་རྒན་རྒོན་ཉལ་ཁང་། ལུང་ཧྥུའུ་སི་སྲང་ཁུལ་བཅས་སུ་ཕེབས་ནས། ས་གནས་ཀྱིས་དམངས་ཕན་དང་རྒན་གསོའི་ཞབས་ཞུ་སྤེལ་བ་དང་། དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་ཕུན་སུམ་ཚོགས་མིན། གྲོང་ཁྱེར་གྱི་ཁྱད་ལྡན་གསོན་ཤུགས་ཡུག་ཁུལ་གསར་འཛུགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་སྟེ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་ལྟ་སྐོར་དང་འཚམས་འདྲི་གནང་བ་རེད། །