རིག་མཐའAIམཉེན་ཆས་སྣ་བརྒྱད་ཀྱི་ཚོད་ལྟའི་གསལ་བསྒྲགས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྣམ་དཔྱོད་ཡངས་པའི་སྤྱོད་པོ་ལྷན་རྒྱས་ཀྱི་སྙན་དབང་དྲུང་དུ།
རིག་མཐའAIཞིབ་འཇུག་ཚན་ཆུང་གིས་དུས་ཡུན་རིང་པོར་ཉམས་ཞིབ་དང་ཚོད་ལྟ་བགྱིས་པ་བརྒྱུད། ད་ལམ་དེང་རབས་ཀྱི་སྔོན་ཐོན་ལག་རྩལ་དང་ཉེར་མཁོའི་བྱེད་ནུས་གཅིག་ཏུ་བསྡུས་པའི་མཉེན་ཆས་ཆེན་པོ་བརྒྱད་གསར་དུ་བསྐྲུན་པ་འདི་ཉིད། དངོས་སུ་ཚོད་ལྟའི་སླད་དུ་འགྲེམ་སྤེལ་ཞུ་བཞིན་མཆིས་ན། ཀུན་གྱིས་ཐུགས་མོས་བཞིན་ལོངས་སུ་སྤྱོད་པར་མཁྱེན།
གཅིག ཚོད་ལྟའི་དུས་བཅད།
2026ལོའི་ཟླ2པའི་ཚེས18ཉིན་ནས་ཟླ3པའི་ཚེས18ཉིན་བར་ཡིན།
གཉིས། ཕབ་ལེན་བྱ་ཚུལ།
ཁ་པར་གྱི་མཉེན་ཆས་མཛོད་ཁང་ཆེ་ཁག (App Store, Huawei, Xiaomi, Tencentསོགས) ཏུ "智达AI"ཞེས་བཙལ་ཏེ་ཕབ་ལེན་དང་སྒྲིག་སྦྱོར་བྱས་ཚེ། མ་ལག་སྣ་ཚོགས་ཀྱི་སྟེགས་བུ་ལས་ཐོགས་པ་མེད་པར་སྤྱོད་ནུས་ལ། ཡང་ན་སོ་སོའི་ཁ་པར་གྱི་མ་ལག་ལྟར་གཤམ་གྱི་རྩ་གཉིས་བཤེར་ཨང་བརྒྱུད་དེ་ཕབ་ལེན་བྱེད་ཆོག །

གསུམ། མཉེན་ཆས་ཀྱི་ཁྱད་ཆོས།
མཉེན་ཆས་འདིར་སྐད་ཡིག་དང་། མཐོང་ཚོར། ཤེས་བྱ། འཕྲོད་བསྟེན་བཅས་ཁྱབ་ཁོངས་བཞི་དང་། མཉེན་ཆས་སྣ་ཁ་བརྒྱད་འདུས་ཡོད།
1.ཡིག་སྒྱུར།
ཡིག་སྒྱུར་རྣམ་གཉིས(Pema 1.0 & Lotsa 2.0)ཏེ། རྒྱ་བོད་དབྱིན་གསུམ་དང་། རྒྱ་ཡིག་གི་བརྡ་རྙིང་དང་དེང་རབས་ཡིག་སྐད། གཞན་ཡང་འཛམ་གླིང་གི་སྐད་རིགས་ཆེ་ཁག་དུ་མ་རང་མོས་སུ་སྒྱུར་ནུས་ཤིང་། ཁྱད་པར་དུ་ཁྲིམས་ལུགས་དང་གསར་འགྱུར། བཅུ་ཕྲག་རིག་གནས་སོགས་ཆེད་ལས་ཀྱི་ཐ་སྙད་རྣམས་རང་བཞིན་གྱིས་སྒྲིག་པར་བྱེད་དོ། །
2.སྐད་སྒྱུར།
རྒྱལ་ཁབ་ཀྱི་སྤྱི་སྐད་དང་། བོད་ཀྱི་ཡུལ་སྐད་གཙོ་བོ་གསུམ(མདོ་དབུས་ཁམས) གྱི་བར་དུ། ཡིག་སྐད་དང་ཁ་སྐད་གང་རུང་དུས་ཐོག་ཏུ་ངོས་འཛིན་དང་ལོ་ཙཱ་བྱེད་བདེ་བའོ། །
3.ཡིག་རིས་ངོས་འཛིན་དང་རིས་སྒྱུར།
པར་རིས་ལས་ཡི་གེ་མ་ནོར་བར་ལེན་པ(OCR)དང་། པར་རིས་ཀྱི་ནང་དོན་ལ་གཞིགས་ནས་ཡིག་སྒྱུར་བྱེད་པར་ཡང་གྲོགས་དན་མཛད་ཐུབ་བོ། །
4.ཚིག་མཛོད་དང་ཡིག་ཚང་།
སྲོལ་རྒྱུན་ཚིག་མཛོད་དངAIཚིག་མཛོད་ལྷན་སྡེབ་ཀྱིས་ཐ་སྙད་ཀྱི་འགྲེལ་པ་དང་དཔེ་བརྗོད་ཁུངས་དག་པ་འདྲེན་པ་དང་། ཆེད་ལས་ཀྱི་ཡིག་ཚང་མྱུར་དུ་བཙལ་བས་ཞིབ་འཇུག་ལ་ཕན་པ་བླ་ལྷག་ཏུ་ཆེའོ། །
5.གསོ་རིག་དང་སྒྲ་དེབ།
བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བའི་ལུས་སེམས་བདེ་ཐང་གི་སློབ་སྟོན་འབུལ་བ་དང་། རིག་ནུས་ཀྱིས་ཀློག་པའི་སྒྲ་དེབ་སྙན་མོ་ལོངས་སུ་སྤྱོད་ཆོག་གོ །
བཞི། དམིགས་བསལ་གྱི་ཞུ་དོན།
1.ཚོད་ལྟའི་དུས་སུ་སྐད་ཆའི་དཔེ་རྣམ་ཆེན་མོ་དང་ཚིག་མཛོད་ཕུད་གཞན་བདུན་པོའི་བྱེད་ནུས་མཐའ་དག་ཚད་བཀག་མེད་པར་སྒོ་འབྱེད་བྱ་རྒྱུ་ཡིན་ལ། མཐོ་རིམ་གྱི་བྱེད་ནུས་དག་ཀྱང་རིན་མེད་དུ་འབུལ་ལོ། །
2.ཐོ་འགོད་དང་ནང་འཛུལ།
མཉེན་ཆས་ཀྱི་ཞལ་ཕྱེས་ཏེ། ཁ་པར་ཨང་གྲངས་བརྒྱུད་ནས་ཐོ་འགོད་དང་ནང་དུ་ཞུགས་པར་བྱའོ། །
3.ཆོག་མཆན་གསལ་བཤད།
མཉེན་ཆས་ཀྱི་བྱེད་ནུས་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་ཆེད། མཉེན་ཆས་ཐོག་མར་བེད་སྤྱོད་སྐབས་ཁ་པར་གྱི་པར་ཆས་དང་པར་དེབ། སྐད་སྦུག་བཅས་ཀྱི་ཆོག་མཆན་ལེན་དགོས་ཏེ། ཉིད་ཀྱིས་མ་ལག་གི་བརྡ་སྟོན་ལྟར་ཆོག་མཆན་གནང་ཆོག་ལ། སྒྲིག་ཆས་ཀྱི་སྒྲིག་བཀོད་ཁྲོད་དུས་ནམ་ཡང་འབྲེལ་ཡོད་ཀྱི་ཆོག་མཆན་དོ་དམ་བྱེད་ཆོག་གོ །
4.དགོངས་འཆར་བསྡུ་ལེན།
ཚོད་ལྟའི་སྐབས་སུ་ཉེར་སྤྱོད་ཀྱི་ཞན་ཆ་ཅི་མཆིས་ཀྱི་དགོངས་འཆར་ལྷུག་པོར་སྩོལ་ཅིག་དང་། དེ་ནི་མ་འོངས་པར་ལེགས་བཅོས་ཀྱི་གཞི་མར་འགྱུར་ངེས་སོ། །
མཇུག་བྱང་།
གསར་གཏོད་ཀྱི་ལམ་བུ་འདིར་ལྷན་རྒྱས་ཀྱི་རྒྱབ་སྐྱོར་ནི་མེད་དུ་མི་རུང་བས། ཀུན་གྱིས་མཉམ་ཞུགས་དང་བེད་སྤྱོད་གནང་བར་སྙིང་ཐག་པ་ནས་དགའ་བསུ་ཞུའོ། །
རིག་མཐའAIཞིབ་འཇུག་ཚན་ཆུང་གིས།
2026ལོའི་ཟླ2པའི་ཚེས18ལ།
