网站无障碍

དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཇོ་མོ་གླང་མ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་ལོ་རྒྱུས་ཟིན་ཐོ་ལས་བརྒལ་བ།
发布时间:2026年03月04日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


图片

པར་འདི་ནི་ཇོ་མོ་གླང་མའི་ཟུར་ཞིག་རེད།

གསར་འགོད་པས་ཇོ་མོ་གླང་མའི་མཐའ་མཚམས་དོ་དམ་མངགས་གཏོང་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དཔྱིད་གསར་དུས་ཆེན་རིང་ཕལ་ཆེར་ཡུལ་སྐོར་བ་མི་ཐེངས་ཁྲི1.3ལྷག་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་ལ་སོང་བ་དང་། དུས་མཉམ་ལས་འཕར་སྣོན་མངོན་གསལ་བྱུང་ནས་ཉེ་བའི་ལོ་འགའི་དུས་མཉམ་གྱི་ཟིན་ཐོ་གསར་བ་བཏོད་ཡོད། 

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཇོ་མོ་གླང་མ་མཛེས་ལྗོངས་ཁུལ་གྱིས་མཉེན་ཆས་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་དང་། ཡུལ་སྐོར་གྱི་ཆ་བསྒྲིགས་ཞབས་ཞུ་ཇེ་ལེགས་སུ་བཏང་སྟེ། ཡུལ་སྐོར་བའི་བདེ་འཇགས་ཀྱི་ཉམས་སྣང་དང་བློ་བདེ་བག་ཕེབས་ཚད། བློ་ཡིད་ཚིམ་ཚད་ནུས་ཤུགས་ཡོད་རྒུས་མཐོར་འདེགས་སུ་བཏང་། ཡུལ་སྐོར་ཁོར་ཡུག་མུ་མཐུད་འཐུས་ཚང་དུ་ཕྱིན་པ་དང་བསྟུན་ནས་ཇོ་མོ་གླང་མར་ལྟ་སྐོར་དང་ཉམས་ལེན་བྱེེད་པར་ཡུལ་སྐོར་བ་སྔར་ལས་མང་པོའི་དགའ་བསུ་ཆེན་པོ་ཐོབ་ཡོད། །

图片

པར་འདི་ནི་ཞོགས་པའི་ཉི་གཞོན་འཆར་ཁའི་རྣམ་པ་རེད།

图片

པར་འདི་ནི་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་ལྟ་སྐོར་བྱེད་བཞིན་པའི་རྣམ་པ་རེད།

图片

པར་འདི་ནི་ཇོ་མོ་གླང་མའི་སྒར་ས་ཆེན་མོར་ཡུལ་སྐོར་བས་ཇོ་མོ་གླང་མར་རྒྱང་ལྟ་བྱེད་པའི་རྣམ་པ་རེད།