网站无障碍
མཐོ་སྒང་དུ“པང་ལེབ་སྔོན་པོས”བྱེ་མ་བཀག
发布时间:2026年03月05日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

པར་འདི་ནི་ཡར་ཀླུང་གཙང་འགྲམ་གྱི་འོད་ནུས“རྒྱ་མཚོ་སྔོན་པོ”ཡིས་བྱེ་ས་བཀབ་པའི་རྣམ་པ་ཡིན།

ལོ་གཅིག་གི་སྔོན་ལ་གནས་དེ་ད་དུང་མུ་མཐའ་མེད་པའི་བྱེ་ས་ཡིན། 2025ལོའི་ཟླ8པར་ལས་གཞི་དངོས་སུ་མགོ་ཚུགས་པ་དང་། འཛུགས་སྐྲུན་མཁན་དག་མཚོ་འཕགས་མཐོ་སར་དབྱང་དཀོན་པ་དང་ཉིན་མཚན་དྲོད་ཚད་ཁྱད་པར་ཆེ་བ། སོབ་སོབ་ཀྱི་བྱེ་ས་དང་ཁ་གཏད་པ་རེད། “དེ་དུས་རླུང་གཡུག་ན་ཤིན་ཏུ་དཀའ། བྱེ་མས་གདོང་ལ་རྒྱག་དུས་མི་ལངས་ནས་ཀྱང་འདུག་དཀའ། བཟོ་བ་ཚོས་སྐབས་རེར་དབྱང་འབྱིན་རྗེས་ད་གཟོད་མུ་མཐུད་སུ་ལས་ཀ་བྱེད་ཐུབ”ཅེས་ལོན་ཨན་ལིང་གིས་དེ་ལྟར་བརྗོད།

ཟླ་ལྔ་ཡི་འབད་བརྩོན་བརྒྱུད། ད་ལོའི་ཟླ2པའི་ཚེས2ཉིན་བོད་ལྗོངས་ཀྱི“འོད་ནུས+བྱེ་འགོག”དཔེ་སྟོན་ལས་གཞི་དེ་ཤོང་ཚད་ཧྲིལ་བོར་དྲ་སྦྲེལ་མངོན་འགྱུར་བྱུང་། ཁྲི7.9ལས་བརྒལ་བའི་འོད་ནུས་པང་ལེབ་ས་མུའུ1100ས་གཞི་སྟེང་བཏིང་པས་སྔོན་མདོག་གི་མིག་མངས་ཞིག་ཏུ་གྱུར། འགྱུར་ལྡོག་བྱུང་བཞིན་ཡོད་ལ། འོད་ནུས་པང་ལེབ་ཀྱིས་ཉི་འོད་བཙན་པོ་བཀག་པས་ནུས་ལྡན་ངང་པང་ལེབ་འོག་གི་རླུང་གི་མྱུར་ཚད་མར་བཅག་པ་རེད། རླངས་འགྱར་ཉུང་དུ་ཕྱིན་པས་བྱེ་ས་ཡིས་ཆུ་གསོག་པ་རེད།

图片

པར་འདི་ནི་འཁོར་བསྐྱོད་སྲུང་སྐྱོང་ལས་དོན་མི་སྣས་ཞིབ་བཤེར་བཟོ་བཅོས་བྱེད་བཞིན་པའི་ཚུལ་རེད། 

“སྔོན་ཆད་གནས་དེ་ལ་བྱེ་རླུང་གིས་བཀབ་པ་ཡིན”ཞེས་འོད་ནུས་པང་ལེབ་ཕྱིར་བདར་བྱེད་པའི་ས་གནས་གྲོང་མི་བཀྲ་ཤིས་ལྷ་མོས་དེ་ལྟར་བཤད། མོ་ནི་ནོར་སྟོད་གྲོང་ཚོའི་གྲོང་མི་ཡིན་ལ་གློག་འདོན་ས་ཚིགས་ཀྱི་ལས་དོན་མི་སྣ་ཡིན། “ངེད་ཚང་རི་འདབས་ནས་ཆགས་ཡོད། སྔོན་ཆད་དཔྱིད་ཁ་སླེབས་དུས་རླུང་ཆེ་བས་སྒོ་ཡང་ཕྱེས་མི་ཐུབ་ལ། ད་ལོར་ཚོར་བ་སྔར་ལས་ཡག”ཅེས་བཤད།

图片

པར་འདི་ནི་བོད་རང་སྐྱོང་ལྗོངས་གྲ་ནང་རྫོང་ནོར་སྟོད་གྲོང་ཚོའི་ཀྲའོ་ཝ50འོད་ནུས་བྱེ་བཅོས་དཔེ་སྟོན་ལས་གཞིའི་ཡུལ་དངོས་ཡིན།

སྤྱིའི་མ་དངུལ་སྒོར་དུང་ཕྱུར2.1བཏང་། སྒྲིག་སྦྱོར་འཕྲུལ་ཆས་ཤོང་ཚད་ཀྲའོ་ཝ50ལས་གཞི་འདི་ལོའི་དྲ་ཐོག་གི་གློག་ཚད་དུས་ཚོད་གཅིག་ལ་སྟོང་ཝ་དུང་ཕྱུར1ལ་སླེབས། ལོན་ཨན་ལིང་ལ་མཚོན་ན་གློག་འདོན་པ་ནི་དམིགས་ཚད་ནང་གི་གཅིག་ཡིན། “ང་ཚོས་དུས་མཚུངས་སུ་ཐང་རྒོད་ཅན་གྱི་ས་གཞི་མུའུ1073བཅོས་སྐྱོང་བྱས་པ་དང་། ལྟེ་གནས་ནི‘པང་ལེབ་ཐོག་གློག་འདོན་པ་དང་པང་ལེབ་འོག་བྱེ་བཅོས་བྱེད”ཞེས་ཟེར། ཁོས་བཤད་རྒྱུར། པང་འོག་སྟར་བུ་འདེབས་འཛུགས་དང་རང་བྱུང་ས་གནས་རྩྭ་སོགས་འབུས་བས་བྱེ་ས་ཡིས་གསོན་ཤུགས་གསར་བ་རྒྱས་བཞིན་ཡོད།

图片

པར་འདི་ནི་རྣམ་གྲངས་ཚོད་འཛིན་ཁང་དུ་ལག་རྩལ་མི་སྣས་གཞི་གྲངས་ལ་ལྟ་ཞིབ་ཚད་འཇལ་བྱེད་བཞིན་པའི་ཚུལ་རེད།

ཉི་མ་ནུབ་པ་དང་བསྟུན་ལོན་ཨན་ལིང་གིས་ཀྱང་རང་ལི་སྐོར་ཞིབ་ལས་ཀ་མཇུག་རྫོགས་ཏེ་ལྟ་ཞིབ་ཚད་འཇལ་ཁང་དུ་བསྐྱོད། ས་སྲོད་འོག་ཏུ་སྔོ་མདོག་གི་འོད་ནུས་མིག་མངས་རྒྱང་རིང་ལ་སྲིང་།བརྙན་ཤེལ་སྟེང་གློག་འདོན་འཁྱོག་ཐིག་བརྟན་བརླིང་ངང་འཁོར་བསྐྱོད་བྱེད་བཞིན་ཡོད། བརྙན་ཤེལ་ཕྱི་རོལ་དུ་པང་འོག་གི་བྱེ་མའི་ནང་ལྗང་མདོག་སྐོར་ཞིག་སྐྱེས་དང་སྐྱེས་བཞིན་ཡོད། །