网站无障碍
རྟ་ཕོར་བཅིབས་ཏེ་ལ་ལུང་བརྒལ། སྲིད་ཇུས་བཟང་པོ་དམངས་ལ་སྒྲོག
发布时间:2026年03月17日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་ཐོན་པར་སྐུལ་འདེད་བཏང་ནས་སྲིད་ཇུས་སྒྲོག་འགྲེལ་གྱིམཐའ་མའི་སྤྱི་ལེ་གཅིག”ལག་ལེན་ཏན་ཏིག་བྱ་ཆེད། ཉེ་ཆར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་གིསའཕྲུལ་རྟ་སྒྲོག་འགྲེལ་རུ་ཁགདངརྟ་ཐོག་སྒྲོག་འགྲེལ་རུ་ཁགབཙུགས་ནས་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ། ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། ཏང་གི་ཞིང་སྟོབས་ཞིང་ཕན་སྲིད་ཇུས་སྟབས་བདེའི་སྒོ་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བརྒྱུད་སྤྲོད་བྱས།

图片

སྒྲོག་འགྲེལ་རུ་མི་ཚོས་སྲིད་ཇུས་སྒྲོག་འགྲེལ་གྱི་ཡིག་ཆ་མང་པོ་བཟུང་སྟེ་འཕྲུལ་རྟ་དང་རྟ་ལ་ཞོན་ནས་རྩྭ་ཐང་གི་ལམ་ཕྲན་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ཅིང་། ཐག་རིང་ལུང་ཁུག་གི་སྡེ་བ་དང་ཁྱིམ་ཚང་དུ་ཐད་ཀར་བསྐྱོད་ཐུབ་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྒྲོག་འགྲེལ་སློབ་ཁང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཡུལ་དངོས་སུ་སྤོས།

图片

རུ་མི་ཚོསྲིད་ཇུས་དྲིལ་སྒྲོག་པདངདམངས་དོན་ཞབས་ཕྱི་པརུ་གྱུར་ནས་ཡུལ་སྐད་དང་ལུང་སྐད་ཀྱི་ཐོག་ནས་འབྲུ་རིགས་བདེ་འཇགས་དང་རྩྭ་ས་སྲུང་སྐྱོབ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། འབྲོག་པའི་ཡོང་འབབ་འཕར་སྣོན། འཚོ་སྡོད་དང་ལས་རིགས་ལ་འཚམ་པའི་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན། ཞིང་ཕན་ཁ་གསབ་སོགས་མང་ཚོགས་ཀྱིས་ཆེས་ཆེར་དོ་ཁུར་བྱེད་བཞིན་པའི་ནང་དོན་ལ་དམིགས་ནས་མང་ཚོགས་ཀྱི་དོགས་གནད་ལ་ལན་བཏབ་པ་དང་། སྲིད་ཇུས་ཀྱི་གཙོ་གནད་དེ་བས་གསོན་ཉམས་དོད་ཅིང་གོ་སླ་བའི་སྒོ་ནས་གསལ་འགྲེལ་བྱས། དེ་དང་ཆབས་ཅིག་སྒྲོག་འགྲེལ་རུ་ཁག་གིསསྒྲོག་འགྲེལ་དང་ཞབས་ཕྱི། དྲི་བ་དྲིས་ལན་བཅས་ཀྱི་རྣམ་པ་སྤྱད་དེ་སྒྲོག་འགྲེལ་བྱེད་པའི་རིང་ལ། མང་ཚོགས་ཀྱི་དཀའ་གནད་དང་སེམས་ཁྲལ། འབྲོག་ལས་ཐོན་སྐྱེད་སོགས་ཀྱི་དོན་དངོས་གནད་དོན་བསྡུ་རུབ་བྱས་ཏེ། སྒྲོག་འགྲེལ་དང་བཅར་འདྲི། ཞབས་ཕྱི་བཅས་དངོས་འབྲེལ་བྱས་ནས་ཏང་དང་མང་ཚོགས་དབར་གྱི་འབྲེལ་ཟམ་བཙུགས། 

图片

ཐེངས་འདིའི་འགུལ་སྐྱོད་ཀྱིས་སྲིད་ཇུས་སྒྲོག་འགྲེལ་ཡོངས་སུ་ཁྱབ་པར་བྱས་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་གཞི་རིམ་དུ་གཞི་ཚུགས་ཐུབ་པ་བྱུང་སྟེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ནང་ཞུགས་པའི་རྒྱ་ཆེའི་མང་ཚོགས་ཀྱི་སྤྲོ་སེམས་དང་ངར་ཤུགས་སྔར་ལས་འཕེལ་བར་བྱས།