网站无障碍
སོས་ཀའི་སྐྱིད་ཆུའི་མཛེས་སྡུག
发布时间:2026年03月26日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

དཔྱིད་ཀའི་དྲོད་འཇམ་གྱི་ཉི་འོད་འོག བོད་ལྗོངས་ལྷ་སའི་སྐྱིད་ཆུ་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དུས་ཚིགས་སུ་བསླེབས་ཡོད།  དགུན་དུས་སུ་ལྷ་སའི་སྐྱིད་ཆུ་ནི་དུས་བྱ་མང་པོས་དགུན་སྒྲོལ་སའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད་ལ། ཁྲུང་ཁྲུང་མགོ་ཁྲ་དང་ངུར་ཁྲ་དམར་པོའི་ཁ་དོག་བཀྲ་བའི་སྒྲོ་མདོག་གིས་ཆུ་ཀླུང་ལ་བཀྲག་མདངས་འཚེར་བའི་ཚོན་མདོག་སྤྲས་ཏེ། རྒྱང་རིང་གི་རི་བོ་དང་དྭངས་གཙང་གི་ཆུ་བོ་གཉིས་ཀྱིས་ལྷན་དུ་སྐྱེ་ཁམས་གྱི་རི་མོ་ཞིག་གྲུབ་ཡོད། རྒྱང་རིང་གི་རི་བོར་བརྗིད་ཉམས་ལྡན་པ་དང་ཆུ་མོ་དྭངས་ཤིང་གཙང་བ། དུས་བྱ་སོས་དལ་བག་ཕེབས་ཀྱིས་རྒྱུ་པ་བཅས་ཀྱིས་མི་སེམས་དབང་མེད་དུ་འཕྲོགས་ཤིང། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་མཛེས་སྡུག་ཀྱང་རྣམ་པར་མངོན་ཡོད།  །

图片

པར་འདི་ནི་ལྷ་སའི་སྐྱིད་ཆུར་གནས་པའི་ཁྲུང་ཁྲུང་མགོ་ཁྲ་དང་ངུར་ཁྲ་དམར་པོ་ཡིན།

图片

དེང་རབས་ཅན་གྱི་གྲོང་ཁྱེར་གྱི་ཐོག་ཁང་མཐོན་པོའི་ཚོགས་དང་མུ་འཁྱུད་ཀྱི་རི་ཚོགས་ཁྲོད་དུ། ཁྲུང་ཁྲུང་མགོ་ཁྲ་དང་ངུར་ཁྲ་དམར་པོའི་ཁྱུ་ཚོགས་ལྷ་སའི་སྐྱིད་ཆུ་ནང་དུ་རྐྱལ་བཞིན་ཡོད་དེ། མི་དང་རང་བྱུང་འཆམ་མཐུན་གྱི་མཐོ་སྒང་གི་སྣང་བརྙན་ཞིག་ངང་གིས་གྲུབ་ཡོད།

图片

པར་འདི་ནི་འཕུར་ལྡིང་བྱེད་བཞིན་པའི་ཁྲུང་ཁྲུང་མགོ་ཁྲ་ཡིན།

图片

པར་འདི་ནི་ལྷ་སའི་སྐྱིད་ཆུའི་འགྲམ་ངོགས་ཡིན།

图片

པར་འདི་ནི་ཁྲུང་ཁྲུང་མགོ་ཁྲའི་ཁྱུ་ཚོགས་གཙང་བོའི་ངོས་སུ་དཔྱིད་དཔལ་ལ་རོལ་བཞིན་པ་ཡིན།

图片 

པར་འདི་ནི་ལྷ་སའི་སྐྱིད་ཆུའི་འགྲམ་ངོགས་ཀྱི་སྤྲོ་གསེང་གཏོང་བའི་གྲུ་གཟིངས་ཡིན།

图片

པར་འདི་ནི་ལྷ་སའི་སྐྱིད་ཆུ་ཡིན།