网站无障碍
འདབ་ཆགས་རྩ་ཆེན་འདི་འདྲ་ཞིག་ཐོན་འདུག
发布时间:2026年03月31日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཞང་དུ། ས་གནས་དེ་གའི་པར་ལེན་མཁན་གྱིས་རྒྱལ་ཁབ་ཀྱི་སྲུང་རིམ་དང་པོར་གཏོགས་པའི་འདབ་ཆགས་བཞད་ནག་གི་པར་བླངས་ཡོད་པ་རེད། 

图片

    བཞད་ནག་གི་གཟུགས་པོའི་རིང་ཚད་ལ་སྨི་1—1.2ཡོད་ལ། ལྗིད་ཚད་ལ་སྤྱི་རྒྱ་2—3ཡོད། དེའི་མཆུ་ཏོ་རིང་ཞིང་དྲང་ལ་མཚལ་ཁའི་མདོག་ཡིན་པ་དང་རྐང་པ་ཤིན་ཏུ་རིང་། སྐེ་ཡན་ཆད་ནས་མིག་གི་མཐའ་འཁོར་སྤུ་མེད་གཅེར་བུར་གནས་པའི་ཆ་ཤས་ཀྱང་མཚལ་ཁའི་མདོག་ཏུ་མངོན། བྲང་ཁོག་དང་གསུས་པ་ཕུད་ལུས་ཀྱི་བྱ་སྒྲོ་ཚང་མ་དཀར་པོ་ཡིན་ལ། དེ་ནི་མཛེས་ཉམས་ལྡན་པའི་འདབ་ཆགས་ཆེ་གྲས་ཀྱི་རིགས་ཤིག་རེད། 

图片

    བཞད་ནག་ཁྱབ་རྒྱ་ཆེན་པོ་ཡོད་པ་དང་། ཡོ་རོབ་དང་ཨ་ཤེ་ཡ། ཨ་ཧྥེ་རི་ཁ་གླིང་བཅས་གླིང་ཆེན་གསུམ་དུ་ཁྱབ་ཡོད་མོད། འོན་ཀྱང་གྲངས་འབོར་ཧ་ཅང་ཉུང་ངུ་རེད།  ཀྲུང་གོའི་མངའ་ཁོངས་སུ་བཞད་ནག་ཆིག་སྟོང་ལྷག་ཙམ་ལས་མེད་པས། བཞད་ནག་ལ་འདབ་ཆགས་ཁྲོད་ཀྱི་དོམ་ཁྲ་ཞེས་འབོད་ཀྱི་ཡོད། འདབ་ཆགས་རིགས་འདིའི་འཚོ་གནས་ཁུལ་གྱི་ཆུའི་སྤུས་ཚད་དང་རྒུམ་བུ། ཁོར་ཡུག་དབེན་འཇགས་ཡིན་མིན་སོགས་ལ་ཆ་རྐྱེན་མཐོན་པོ་ཡོད། གཞིས་རྩེར་བཞད་ནག་འཁོར་བ་ལས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་པོར་འགྱུར་བཞིན་ཡོད་པ་ར་འཕྲོད་བྱུང་ཡོད།

图片
图片
图片