མཚོ་སྔོན་གྱིས་ཚད་གཞི་སྔར་ལས་མཐོན་པོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ།
发布时间:2026年04月01日
消息来源:
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དང《རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། “ཀྲུང་ཧྭའི་ཆུ་ལྕོག”གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་མ་ལག་མུ་མཐུད་དུ་འཐུས་ཚང་བར་བཟོ་བ་དང་། རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་འཛམ་གླིང་ན་ཤུགས་རྐྱེན་མངའ་བའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མཚོན་དཔེ་ནུས་ཤུགས་ཡོད་རྒུས་བསྐྲུན་པ། ཚད་གཞི་མཐོན་པོས“བྱང་གསུམ”བཟོ་འགོད་ཀྱི་དུས་རིམ་དྲུག་པའི་འཆར་འགོད་ལས་འགན་འགྲུབ་པར་བྱེད་པ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་དམིགས་སུ་མཐོར་འདེགས་གཏོང་བ། ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་པ། རྣམ་པ་གསར་པའི་ནུས་ཁུངས་མ་ལག་ཐོག་མར་བསྐྲུན་པ། ཐཱན་རྩེར་སོན་གྱི་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པ། ལྗང་མདོག་ཐོན་སྐྱེད་འཚོ་བ་གཞི་རྩའི་ཐོག་ནས་ཆགས་པར་བྱེད་པ། སྐྱེ་ཁམས་བྱེད་ནུས་ཆེ་ཤོས་སུ་བསྒྱུར་བར་རྟགས་མཚན་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བ་བཅས་ཀྱིས། མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པ་ལ་འཕེལ་རྒྱས་ཆེན་པོ་འབྱུང་བར་བྱེད་དགོས།