སྤོ་མེས་རི་ཀླུང་ཀུན་ཏུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

པར་འདི་ནི་ཟླ3པའི་ཚེས30ཉིན་པར་བླངས་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་གི་རི་ཀླུང་ཀུན་ཏུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་རྣམ་པ་རེད།
"ཀྲུང་གོའི་ཁམ་བུའི་མེ་ཏོག་རོང་ཆེ་ཤོས"ཀྱི་མཚན་སྙན་ཡོད་པའི་སྤོ་མེས་ཁམ་བུའི་མེ་ཏོག་རོང་དུ་རི་སྐྱེས་ཁམ་སྡོང་ཁྲི་བཅུ་ཕྲག་ཁ་ཤས་དུས་མཉམ་དུ་རྣམ་པར་བཞད་དེ་སྤྱི་ལེ་བཅུ་ཕྲག་གི་མཚམས་སུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་ནས་དར་གོས་ཇི་བཞིན་ཁ་དོག་སྣ་ཚོགས་མངོན་པ་དང་། རྒྱང་རིང་གི་བརྗིད་ཆགས་པའི་གངས་རི་དང་ཕན་ཚུན་གཞི་གཅིག་ཏུ་འདྲེས་ནས་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པའི་རང་བྱུང་རི་མོ་ཞིག་གྲུབ་ཡོད། །





