网站无障碍
གཞིས་ཀ་རྩེར་ལག་ཤེས་བཟོ་ལས་རྒྱུན་འཛིན་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་པ།
发布时间:2026年04月03日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

པར་འདི་ནི་ལྷ་རིས་པས་ཐང་ག་འབྲི་བཞེངས་བྱེད་པའི་རྣམ་པ་རེད།

ཉེ་སྔོན། གསར་འགོད་པས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ནས་བཅར་འདྲི་རྒྱུས་ལོན་བྱུང་བ་ལྟར་ན། ས་གནས་ཀྱི་མི་རིགས་ལག་ཤེས་བཟོ་ལས་སྒྲིག་གཞི་ཞིག་གིས་བོད་ལྗོངས་གཞིས་ཀ་རྩེའི་ཐང་ག་མཐུན་ཚོགས་དང་གཞིས་ཀ་རྩེའི་ཐང་ག་སྒྱུ་རྩལ་གླིང་། ས་གནས་ཀྱི་ལས་རིགས་གསོ་སྦྱོང་སློབ་གྲྭ་བཅས་ལ་བརྟེན་ནས་ཐང་ག་སོགས་སྲོལ་རྒྱུན་ལག་རྩལ་དང་སྒྱུ་རྩལ་གྱི་གསོ་སྦྱོང་སྤེལ་བ་རེད། སྒྲིག་གཞི་དེ2012ལོར་བཙུགས་ཤིང་། དེའི་ནང་ཐང་ག་དང་ཤིང་བརྐོས་མ་སོགས་ལག་རྩལ་གསོ་སྦྱོང་འཛིན་གྲྭ5བཀོད་སྒྲིག་བྱས་ཡོད་ཅིང་། བསྡོམས་པས་རྒྱུན་འཛིན་པ780ལྷག་ལ་གསོ་སྦྱོང་བྱས་པ་དང་ལས་ཞུགས་ཐུབ་ཚད78%ལ་སླེབས་ཡོད། མི26ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་དེའི་ནང་དབུལ་ཐར་མང་ཚོགས6དང་སློབ་ཆེན་སློབ་མ1བཅས་ཡོད་ལ། ཁོང་ཚོས་ཟླ་རེར་ཆ་སྙོམས་གླ་ཕོགས་སྒོར5000རག་ནས་རིག་གནས་རྒྱུན་འཛིན་དང་མང་ཚོགས་ཀྱི་འབབ་འཕར་མངོན་འགྱུར་བྱུང་ཡོད། །

图片
图片
图片
图片
图片
图片
图片