网站无障碍
2026ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པའི་མགོ་ཚུགས་པ།
发布时间:2026年04月13日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 图片

འདི་ནི་ཉིང་ཁྲི་གྲོང་ཁྱེར་གནམ་ལྕག་འབར་བའི་འདབས་ཀྱི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོར་བླངས་པའི་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་གྱི་རྣམ་པ་རེད།

ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པའི་མགོ་ཚུགས་མཛད་སྒོ་ཟླ4པའི་ཚེས3ཉིན་གྱི་དགོང་མོར་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་སྤྱི་གླིང་དུ་འཚོགས་པ་རེད། ཐེངས་འདིའི་འཁྲབ་སྟོན་གྱི་གངས་ལྗོངས་ཀྱི་འབྲི་ཆུའི་ལྷོ་རྒྱུད་ཀྱི་རང་བྱུང་མཛེས་པ་ཚོན་གདན་དང་ཀོང་པོའི་དམངས་སྲོལ་རིག་གནས་ནང་དོན་བྱས་ཏེ། ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་སྣ་མང་སྤེལ་བ་བརྒྱུད་ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་གི་མཛེས་པ་དང་མི་ཆོས་རིག་གནས་ཀྱི་ཉམས་འགྱུར། འཕེལ་རྒྱས་ཀྱི་རྣམ་པ་གཟབ་རྒྱས་ཕྱོགས་ཡོངས་ནས་མངོན་པར་བྱས་ཐོག རིག་གནས་ཡུལ་སྐོར་མཉམ་འདྲེས་དང་མི་རིགས་མཐུན་སྒྲིལ། འབད་འབུངས་མདུན་སྐྱོད་བཅས་ཀྱི་དཔྱིད་དཔལ་བཞད་པའི་རོལ་དབྱངས་དཀྲོལ་ཡོད།

图片

འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་རྡོ་སྟེང་གྲོང་ཚོར་པར་བླངས་པའི་ཁམ་བུའི་མེ་ཏོག་རེད།

སྐབས་འདིའི་མགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱི“མི་ཡུལ་གྱི་སྐྱེད་ཚལ། བདེ་སྐྱིད་ལྡན་པའི་ཉིང་ཁྲི”ཞེས་པ་བརྗོད་དོན་གཙོ་བོར་དམིགས་ཏེ། གླུ་གར་དང་རོལ་དབྱངས། འཁྲབ་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་སོགས་སྒྱུ་རྩལ་གྱི་རྣམ་པ་མང་པོ་མཉམ་བསྲེས་ཀྱིས་ཉིང་ཁྲིའི་རིག་གནས་ཀྱི་རྨང་མཐུག་པོ་དང་དུས་རབས་ཀྱི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་ཡོད།

图片

འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་རྡོ་སྟེང་གྲོང་ཚོར་པར་བླངས་པའི་ཁམ་བུའི་མེ་ཏོག་རེད།

2001ལོར་གསར་སྒྲུབ་བྱས་པ་ནས་བཟུང་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྒྲུབ་གཉེར་བྱས་ནས་ལོ་ངོ་ཉེར་གསུམ་འགོར་སོང་། དེའི་རིང་གསོན་སྟོན་གཟབ་རྒྱས་འདི་སྔ་མོའི་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་ཞིག་ནས་འཛམ་གླིང་ཧྲིལ་བོར་ཁ་ཕྱོགས་ནས་ཉིང་ཁྲིའི་རབ་མཛེས་ཡུལ་ལྗོངས་དང་མི་ཆོས་རིག་གནས་ཀྱི་ཉམས་འགྱུར། འཕེལ་རྒྱས་ཀྱི་གསོན་ཤུགས་སོགས་མངོན་པའི་ལྟེ་བའི་སྐར་ཁུང་ཞིག་དང་། བོད་ལྗོངས་ཀྱི་ལོ་འཁོར་རིག་གནས་ཡུལ་སྐོར་མགོ་ཚུགས་པའི་ཚད་ཤིང་ཚོང་རྟགས་ཞིག་ཏུ་གྱུར་ཡོད་ལ། ལྷག་ཏུ་མི་རིགས་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ཡོང་བར་སྐུལ་འདེད་དང་། གྲོང་གསེབ་དར་སྤེལ་ལ་མཐུན་རྐྱེན་སྦྱོར་བ། ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་ཐུབ་པའི་འབྲེལ་ཐག་གལ་ཆེན་ཞིག་ཀྱང་རེད། །

图片

པར་འདི་ནི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པའི་ཚོང་འདུས་ཀྱི་ཡུལ་དངོས་རྣམ་པ་རེད།

图片

པར་འདི་ནི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པའི་མགོ་ཚུགས་མཛད་སྒོའི་ཡུལ་དངོས་རྣམ་པ་རེད།