网站无障碍
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གོ་མིན་ཏང་གི་ཀྲུའུ་ཞི་ཀྲིན་ལི་ཝུན་ལ་ཐུག་འཕྲད་གནང་བ།
发布时间:2026年04月14日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

ཟླ4པའི་ཚེས10ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་སྣེ་ཁྲིད་པའི་ཀྲུང་གོའི་གོ་མིན་ཏང་གི་འཚམས་འདྲི་ཚོགས་པ་དང་ཐུག་འཕྲད་གནང་། 

   ཚེས10ཉིན་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་སྣེ་ཁྲིད་པའི་ཀྲུང་གོའི་གོ་མིན་ཏང་གི་འཚམས་འདྲི་ཚོགས་པར་ཐུག་འཕྲད་གནང་། 

 ཞི་ཅིན་ཕིང་གིས་ཀྲེང་ལི་ཝུན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་ཕེབས་པར་དགའ་བསུ་ཞུས། ཁོང་གིས་བསྟན་དོན།  གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་མགོ་ཁྲིད་པས་ལོ10སོང་རྗེས་སླར་ཡང་ཐུག་འཕྲད་གནང་བ་དེས་ཏང་གཉིས་ཀྱི་འབྲེལ་བ་དང་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན། འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་ཤིང་། ཐེ་ཝན་སྤུན་ཟླ་ནང་དུ་ཚུད་པའི་རིགས་སོ་སོའི་མི་དམངས་ཀྱིས་གཅིག་གྱུར་གྱི་མི་རིགས་མང་པོའི་རྒྱལ་ཁབ་མཉམ་དུ་གསར་སྐྲུན་བྱས་ཏེ། ཐུན་མོང་གིས་འོད་སྟོང་འབར་བའི་ཀྲུང་གོའི་ལོ་རྒྱུས་བརྩམས་པ་དང་། ཐུན་མོང་གིས་འོད་སྟོང་འབར་བའི་ཀྲུང་ཧྭའི་དཔལ་ཡོན་གསར་སྐྲུན་བྱས་ཡོད། ཐུན་མོང་གིས་རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱས་ཡོད་ལ། རྒྱལ་ཁབ་ཀྱི་མངའ་ཁོངས་ཁ་བྲལ་མི་རུང་བ་དང་། རྒྱལ་ཁབ་ལ་ཟིང་ཆ་ལངས་མི་རུང་བ། མི་རིགས་ཁ་ཐོར་དུ་གཏོང་མི་རུང་བ། དཔལ་ཡོན་འབྲེལ་གཅོད་བྱེད་མི་རུང་པ་བཅས་ཀྱི་ཐུན་མོང་གི་དད་སེམས་ཀྱང་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་སྣེ་ཁྲིད་དེ་འབད་བརྩོན་ལྷོད་མེད་དང་ཀྲུང་ཧྭའི་དཔལ་ཡོན་རྒྱུན་མི་ཆད་པར་བྱས་ཡོད།

  ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་འཕེལ་བཞིན་ཡོད། ཡིན་ཡང་རྒྱལ་སྤྱིའི་གནས་བབ་དང་ཐའེ་ཝན་མཚོ་འགག་གི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། འགྲོ་བ་མིའི་རིགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ཁ་ཕྱོགས་ཆེན་པོ་འགྱུར་མི་སྲིད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འཕེལ་ཕྱོགས་ཆེན་པོ་འགྱུར་མི་སྲིད་པ་དང་འགྲམ་གཉིས་ཀྱི་སྤུན་ཟླའི་གཉེན་ཉེ་དང་མཉམ་དུ་སྐྱོད་པའི་རླབས་རྒྱུན་ཆེན་པོ་འགྱུར་མི་སྲིད། དེ་ནི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་ཡིན་པས་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད།

图片

ཟླ4པའི་ཚེས10ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་སྣེ་ཁྲིད་པའི་ཀྲུང་གོའི་གོ་མིན་ཏང་གི་འཚམས་འདྲི་ཚོགས་པ་དང་ཐུག་འཕྲད་གནང་།

  ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  འགྲམ་གཉིས་ཀྱི་སྤུན་ཟླ་ཚང་མས་ཐའེ་ཝན་མཚོ་འགག་ཞི་བདེ་ལྷིང་འཇགས་ཡོང་བར་རེ་ལྟོས་བྱེད་པ་དང་། འགྲམ་གཉིས་ཀྱི་འབྲེལ་བ་ལེགས་སྒྱུར་དང་འཕེལ་རྒྱས་ཡོང་བར་རེ་ལྟོས་བྱེད་བཞིན་ཡོད་ལ། འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་རེ་ལྟོས་བྱེད་པ་དེ་ནི་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱིས་ཁག་དཀྲི་མི་རུང་བའི་འགན་འཁྲི་ཡིན་ལ།  ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པའི་སྒུལ་ཤུགས་ཤིག་ཀྱང་ཡིན། ང་ཚོས“དགུ་གཉིས་ཐུན་མོང་ལྟ་བ”རྒྱུན་འཁྱོངས་དང“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་སྟེང་། ཀྲུང་གོའི་གོ་མིན་ཏང་ཚུད་པའི་ཐའེ་ཝན་གྱི་སྲིད་ཏང་སོ་སོ་དང་། ཚོགས་པ་སོ་སོ།  སྤྱི་ཚོགས་ལས་རིགས་སོ་སོ་བཅས་དང་མཉམ་དུ། སྤེལ་རེས་དང་གླེང་མོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཏང་གཉིས་ལ་ཞི་བདེ་དང་། སྤུན་ཟླ་ལ་བདེ་སྐྱིད། མི་རིགས་ལ་བསྐྱར་དར་བཅས་ཡོང་བར་བརྩོན་ལེན་བྱས་ནས།  འགྲམ་གཉིས་ཀྱི་འབྲེལ་བའི་མ་འོངས་བ་ཀྲུང་གོ་བ་རང་གི་ལག་ཏུ་དམ་པོར་འཛིན་དགོས།

  ཞི་ཅིན་ཕིང་གིས་བསྟན་དོན།  འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།  ངོས་འཛིན་ཡང་དག་ལ་བརྟེན་ནས་སེམས་ཀྱི་མཐུན་འཕྲོད་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་ཞི་བདེ་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤེལ་རེས་དང་མཉམ་འདྲེས་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་འཕེལ་རྒྱས་སུ་གཏོང་བ་དང་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པར་སྲ་བརྟན་དུ་གཏོང་བ་དང་། དགེ་མཚན་ལྡན་པའི་མཉམ་འགུལ་སྲུང་འཛིན་བྱེད་པ། འགྲམ་གཉིས་ཀྱི་སྤུན་ཟླར་མཐུན་སྒྲིལ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས། 

图片

ཟླ4པའི་ཚེས10ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་སྣེ་ཁྲིད་པའི་ཀྲུང་གོའི་གོ་མིན་ཏང་གི་འཚམས་འདྲི་ཚོགས་པ་དང་ཐུག་འཕྲད་གནང་།

  ཀྲེང་ལི་ཝུན་གྱིས་བསྟན་དོན། འགྲམ་གཉིས་ཀྱི་མི་དམངས་ནི་ཡན་ཧོང་གི་བུ་རྒྱུད་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པས་ཚང་མ་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་ཡོད་ལ། ཚང་མ་ཀྲུང་གོ་བ་དང་ནང་མི་ཡིན་པས་ལག་གདང་སྦྲེལ་ནས་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་བཏོན་པའི་ཀྲུང་ཧྭ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱིས“དགུ་གཉིས་ཐུན་མོང་ལྟ་བ”དང“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིར་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐུན་སྦྱོར་སྟེགས་བུའི་ནུས་པ་འདོན་སྤེལ་བྱས་ནས། ཀྲུང་ཧྭའི་ལོ་རྒྱུས་སྲུང་སྐྱོང་དང་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་གང་ཐུབ་བྱས་ནས། འགྲམ་གཉིས་ཀྱི་དམངས་ཁྲོད་དང་། གཞི་རིམ། དཔལ་འབྱོར་ཉོ་ཚོང་། རིག་གནས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གཞོན་ནུའི་སྤེལ་རེས་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། མི་དམངས་ཐུན་མོང་གི་བདེ་སྐྱིད་ཆེ་རུ་གཏོང་བ་དང་། འགྲམ་གཉིས་གྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། འགྲམ་གཉིས་གྱི་འབྲེལ་བའི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་དུ་གཏོད་དེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བཅས་བྱ་དགོས།

  ཝང་ཧུའུ་ཉིང་དང་ཚའེ་ཆི་སོགས་ཐུག་འཕྲད་ལ་ཞུགས། །