网站无障碍
ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་ལ་ཧྥུའུ་ལུའོ་ཧྥུའུ་ལ་ཐུག་འཕྲད་གནང་བ།
发布时间:2026年04月20日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་ལ་ཧྥུའུ་ལུའོ་ཧྥུའུ་ལ་ཐུག་འཕྲད་གནང་།

ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་ལ་ཧྥུའུ་ལུའོ་ཧྥུའུ་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་ལ་ཧྥུའུ་ལུའོ་ཧྥུའུ་ལ་ཙུང་ཐུང་ཕུའུ་ཅིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་གནང་རོགས་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པའི་ལོ་ཡིན་ལ། 《ཀྲུང་ཨུའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》བཞག་ནས་ལོ་འཁོར25ལོན་པའི་ལོའང་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཟང་ཟིང་དང་རྙོག་འཛིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཀྲུང་ཨུའི་འབྲེལ་བའི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་རྩ་ཆེ་བ་དང་།《ཀྲུང་ཨུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》གི་གསོན་ཤུགས་ཆེན་པོ་དང་དཔེ་སྟོན་གྱི་དོན་སྙིང་སྔར་བས་མངོན་གསལ་དོད་པོར་ཕྱིན་ཡོད། ཕྱོགས་གཉིས་ཀྱིས་ནུས་ཤུགས་ཡོད་རྒུས་ང་དང་ཙུང་ཐུང་ཕུའུ་ཅིང་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་ཕྱི་འབྲེལ་མཐུན་སྦྱོར་དམ་ཟབ་བྱས་ཏེ། ཀྲུང་ཨུའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་བས་མཐོ་བ་དང་། དེ་བས་བརྟན་པོ། དེ་བས་ཡུན་རིང་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོར་འཕྲད་སྐབས། ཀྲུང་ཨུ་ཡིས་དེ་བས་དམ་ཟབ་དང་ནུས་ལྡན་གྱི་འཐབ་ཇུས་མཉམ་ལས་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ལུགས་མཐུན་ཁེ་ཕན་སྲུང་སྐྱོབ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས། རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཀྱི་འགན་འཁྲི་དང་ཁག་ཁུར་མཚོན་པར་བྱེད་དགོས། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱས་ནས། ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར། ཐུན་མོང་འཕེལ་རྒྱས་བཅས་བྱས་ཏེ། རང་ཉིད་ཀྱི་བྱ་བ་ཡག་པོར་བསྒྲུབས་དགོས། ཁྱིམ་མཚེས་དང་ཕན་ཚུན་ཁ་གསབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རང་སོ་སོའི་འཕེལ་རྒྱས་ཀྱི་མཉེན་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། བློ་བརྟན་འགྱུར་མེད་སྒོས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་བསྟར་བྱེད་པ་དང་། ལག་གདང་སྦྲེལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གསོན་ཤུགས་བསྐྱར་གསོ་བྱེད་དགོས་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཀྱི་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ནས། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 

图片

ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་ལ་ཧྥུའུ་ལུའོ་ཧྥུའུ་ལ་ཐུག་འཕྲད་གནང་།

ལ་ཧྥུའུ་ལུའོ་ཧྥུའུ་ཡིས་ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་གནང་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་ལ་ཁ་གཏད་ནས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་ཚད་མཐོའི་མཉེན་ཆ་མངོན་པ་དང་། ཚོང་དོན་མ་འཇོག་མཉམ་ལས་ཀྱི་འཕེལ་ཕྱོགས་ལེགས་ཤིང་། མི་ཆོས་རིག་གནས་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་ནས། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྟེགས་བུའི་མཐུན་སྦྱོར་དམ་ཟབ་ཏུ་བཏང་ཡོད། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ་བཅས་བྱས་ནས། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་གཏན་འཇགས་ཐད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས། 

ཝང་དབྱི་ཐུག་འཕྲད་ལ་ཞུགས། །