མཛེས་པའི་ཀྲུང་གོ——འཛམ་གླིང་གི་རང་བྱུང་ཤུལ་བཞག་སྟེ་ཝུའུ་ལུང་ཐེན་ཧྲན་ཟམ་གསུམ་ལ་མིའི་འདུ་འཛི་རྒོད།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ4ཚེས16ཉིན་གནས་སྐོར་བས་ཁྲུང་ཆིང་ཝུའུ་ལུང་ཐེན་ཧྲན་ཟམ་གསུམ་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་དང་པར་རྒྱག་བཞིན་ཡོད། འཛམ་གླིང་གི་རང་བྱུང་ཤུལ་བཞག་སྟེ། ཁྲུང་ཆིང་ཝུའུ་ལུང་ཐེན་ཧྲན་ཟམ་གསུམ་ནི་ཐེན་ལུང་ཟམ་པ་དང་། ཆིན་ལུང་ཟམ་པ། ཧའེ་ལུང་ཟམ་པ་བཅས་རང་བྱུང་གི་རྡོ་གཞུ་དབྱིབས་ཀྱི་ཟམ་པ་གསུམ་ལས་གྲུབ་པ་དང་། དེ་ནི་དཔེ་མཚོན་གྱི་ཁ་སི་ཐེ་ས་དབྱིབས་ཀྱི་མཛེས་ལྗོངས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གནས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བས། གོ་ལ་ཧྲིལ་པོའི་ས་གནས་ཁག་གི་གནས་སྐོར་བའི་ཡིད་དབང་བཀུག་ཡོད།







