ལྷ་སའི་ལྷོ་རི་སྤྱི་གླིང་གི་མཛེས་ཉམས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་བའི་ལོ་འགའི་རིང་། ལྷ་ས་གྲོང་ཁྱེར་གྱིས་ལྷོ་བྱང་རི་དང་དེའི་ཉེ་འཁོར་གྱི་སྐྱེ་ཁམས་ལྗང་མདོག་ཉམས་གསོ་དང་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། སྔོན་ཆད་ཀྱི་རི་རྒོད་དུ་རྩྭ་རྩི་ཤིང་ལ་རིམ་བཞིན་ལོ་འདབ་རྒྱས་པ་དང་ལྗང་མདོག་གིས་ཁེངས་ནས་སྐྱེ་ཁམས་ཀྱི་རྣམ་པ་གསར་བརྗེས་བྱུང་ཡོད། ཡངས་ཤིང་རྒྱ་ཆེ་བའི་མཐོང་རྒྱ་དང་ཐུན་མོང་མ་ཡིན་པའི་ལྗོངས་གཟིགས་མཐོང་ཟུར་ལ་བརྟེན་ནས་ལྷོ་རི་སྤྱི་གླིང་དེ་ཉིད་གྲོང་མི་དང་ཡུལ་སྐོར་བ་རིར་འཛེག་པ་དང་འཆམ་འཆམ་དུ་འགྲོ་བ། ལྷ་ས་གྲོང་ཁུལ་གྱི་སྤྱིའི་བཀོད་པར་ལྟ་སའི་དམིགས་ས་ཚ་ཤོས་སུ་གྱུར་ཡོད། །




