网站无障碍
རང་རྒྱལ་གྱི་རྒན་གསོ་ཞབས་ཞུའི་ལས་རིགས་ལ་འཕེལ་རྒྱས་གསར་པ་བྱུང་བ།
发布时间:2026年05月08日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

རྒན་གསོ་ཞབས་ཞུའི་ལས་རིགས་ནི་མང་ཚོགས་དུང་ཕྱུར་མང་པོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་དམངས་འཚོའི་ལས་དོན་ཡིན་ལ། འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཆེན་པོ་ལྡན་པའི་ཉི་གཞོན་ཐོན་ལས་ཀྱང་ཡིན། 2025ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་རྒན་གསོ་ལས་ཁུངས་ཀྱི་ལས་གཉེར་མི་སྣ་ཁྲི72.2ཡོད་པ་དང་། བསྡོམས་པས་ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲི་ཁྲི49.5བཀོད་སྒྲིག་བྱས་པ། ཞབས་ཞུ་མི་ཐེངས་ཁྲི2600ལས་བརྒལ་ཡོད་པས། རང་རྒྱལ་གྱི་རྒན་གསོ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་གོམ་སྟབས་གསར་པ་སྤོས་ཡོད།

ཀྲུང་གོའི་རྒན་རྒོན་མི་འབོར་གྱི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན། སྔོན་དཔག་ལྟར་ན2035ལོའི་གཡས་གཡོན་དུ་སླེབས་དུས། རྒྱལ་ཡོངས་ཀྱི་ལོ60དང་དེ་ཡན་གྱི་རྒན་རྒོན་གྱི་མི་འབོར་དུང་ཕྱུར4ལས་བརྒལ་ནས། བགྲེས་སོང་ཅན་ཚབས་ཆེན་གྱི་དུས་མཚམས་སུ་བསླེབ་རྒྱུ་རེད། རྒན་གསོ་ཞབས་ཞུའི་ལས་རིགས་གོང་འཕེལ་སྤུས་འབྲས་ལེགས་གཏོང་དང་། གྲངས་འབོར་འཕར་སྣོན་དང་ཁྱབ་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ནི་རྒས་དུས་འཚོ་བརྟེན་ཡོད་པ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན།