མཚོ་སྔོན་གྱི་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དངོས་སུ་སྒོ་འབྱེད་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ5བའི་ཚེས19ཉིན། མཚོ་སྔོན་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དངོས་སུ་སྒོ་ཕྱེས་པ་རེད། སྤྱི་གླིང་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གནས་ཤིང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3149.34ལ་སླེབས། སྤྱི་གླིང་ནང་དུ་ས་གཤིས་ཤུལ་བཞག་ལྗོངས་ཁུལ་གནས162ཡོད་པས་ཆ་ཚང་ངང་ས་གཤིས་གཙོ་བོ་གསུམ་གྱི་ས་རིམ་གྲུབ་ཚུལ་ཉར་ཚགས་བྱས་ཡོད། ཡུན་ཀྲུའུ་དུས་སྐབས་དང་ཡན་ཧྲན་དུས་སྐབས་བྲག་ཞུན་འགུལ་སྐྱོད་འཕོ་འགྱུར་ལོ་རྒྱུས་གསལ་བོར་ཟིན་ཐོ་བཀོད། 2025ལོའི་ཟླ4བར་ཁམས་ར་སྤྱི་གླིང་ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་གི་མཚན་སྙན་ཐོབ། །









