སི་ཁྲོན་དར་རྩེ་མདོའི་རྣམ་པ་གསར་པས་ཡུལ་སྐོར་པ་བསུས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

པར་འདི་ནི་ཐང་ཆེན་སྟེང་སྐོར་བྲོ་འཁྲབ་ཏེ་མང་ཚོགས་དང་ཡུལ་སྐོར་པ་བསུ་པའི་རྣམ་པ་རེད།
ཟླ5བའི་ཚེས23ཉིན། སི་ཁྲོན་དར་རྩེ་མདོའི“དྲ་ཐོག་གི་གདན་ཐོག་རི་བོ་དང་ཡུལ་དངོས་ཀྱི་མཐུན་ཆ་ཆེ་ཤོས”ཞེས་པའི་དར་རྩེ་མདོ་གྲོང་ཁྱེར་གྱི་གཟུགས་འདས་ཁྲོམ་ཚོགས་སྤེལ་རེས་རོལ་མྱོང་བྱ་འགུལ་དངོས་སུ་མགོ་བརྩམས། གྲོང་ཁྱེར་འདི་ནི་ཇ་རྟའི་གནའ་ལམ་གྱི་འདེགས་སྐྱོར་ཡིན་པའི་ལོ་རྒྱུས་རང་བཞིན་གྱི་ཁྱད་ལྡན་སྲང་ལམ་རྙིང་བ་ཡིན་པའི་ཆ་ནས། རྣམ་པ་སྒྱུར་རྗེས་སྲང་ལམ་གསར་པ་ཞིག་ཏུ་གྱུར། དུས་ཡུན་རིང་བའི་གནའ་ལམ་ལོ་རྒྱུས་ཁྱད་ཆོས་དང་མི་རིགས་སོ་སོའི་མཉམ་གནས་མཉམ་འདྲེས། མི་ཆོས་ཁྱད་ཆོས་དང་དར་ཞིང་རྒྱས་པའི་མཚན་མོའི་འཛད་སྤྱོད་རྣམ་པ་གཏིང་ཟབ་ངང་མཉམ་འདྲེས་བཏང་བས་དར་རྩེ་མདོ་ཡི་མཚན་མོའི་དཔལ་འབྱོར་ལ་གསོན་ཤུགས་གསར་པ་བསྣན། །






