བོད་ལྗོངས་ཀྱི་ས་གནས་སོ་སོས“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་བྱེད་སྒོ་སྣ་མང་སྤེལ་བ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།




“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་བོད་ལྗོངས་ཀྱི་ས་གནས་སོ་སོས་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། འཁྲུག་ཆ་དོད་པའི་ཕ་བུའི་བྱེད་སྒོ་ནས་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་བར་དང་། དགོད་བྲོ་བའི་མཉམ་འགུལ་རོལ་རྩེད་ནས་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་མངོན་པའི་བར། གྲོགས་པོ་ཆུང་ཆུང་ཚོས་དགོད་སྒྲའི་ཁྲོད་རང་ཉིད་ཀྱི་དུས་ཆེན་རོལ་ནས“དྲུག་གཅིག”སྤྲོ་སྣང་དང་དྲོ་སྐྱིད་ལྡན་པར་བྱས།
ཉེ་སྔོན། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་བུ་བཅོལ་ཁང་གིས“སེམས་ནང་གི་ཏི་ཧྲི་ཉི”ཞེས་པའི་བརྗོད་དོན་གྱི་བྱིས་པའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་བའི་ཡུལ་དངོས་སུ་འཁྲུག་ཆ་ཤིན་ཏུ་དོད་ཅིང་། སྐོར་སྐྱོད་བྱ་འགུལ་གྱི་མགོ་བརྩམས་མ་ཐག་དགེ་རྒན་རྣམས་ཀྱི་ལུས་སུ་བྱིས་སྒྲུང་མི་སྣའི་གཟབ་མཆོར་སྤྲས་པ་དང་གྲོགས་པོ་ཆུང་ཆུང་ཚོས་སྙིང་རྗེ་བའི་རྒྱན་གོས་སྣ་ཚོགས་གྱོན་ནས་བྱིས་སྒྲུང་གི་དཔེ་མཚོན་མི་སྣར་སྤྲུལ་བ་དང་བྱིས་ཉམས་ཀྱི་ཁེངས་ནས་སྤྱང་གྲུང་དང་སྙིང་རྗེ་བ་ཞིག་རེད། སྙན་འཇེབས་ལྡན་པའི་རྒྱབ་ལྗོངས་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་གྲལ་འགྲིག་ལ་གོ་རིམ་ལྡན་པའི་སྐོར་སྐྱོད་རུ་ཁག་སློབ་གྲྭའི་ཕྱོགས་གང་སར་དལ་བུར་བསྐྱོད་པ་དང་། མིག་ལ་མཛེས་པའི་གཟབ་མཆོར་དང་བདེ་ལྕག་འཁྱུག་པའི་གཟུགས་བརྙན་གྱིས་སློབ་གྲྭར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་བསྣན་པ་དང་། དགོད་སྒྲ་དང་དགའ་འབོད་ཀྱི་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས་ནས་སློབ་གྲྭ་ཡོངས་སྤྲོ་སྣང་ལྡན་པའི་བྱིས་སྒྲུང་གི་རྣམ་པའི་ཁྲོད་གནས་པ་དང་གཉིས་སུ་མ་མཆིས།
གཞན་ཡང་། བུ་བཅོལ་ཁང་གིས་ད་དུང་ཕ་བུའི་རིག་སྟོབས་འགྲན་བསྡུར་གྱི་རོལ་རྩེད་དང་ཤིང་ཏོག་དང་ཇ་འཐུང་རོལ་མྱོང་སོགས་ཁྱད་ལྡན་རྣམ་གྲངས་མང་པོ་གཉེར་ནས་སྐྱིད་སྣང་དོད་ལ་མཉམ་འགུལ་དང་ཉམས་ལེན་བཅས་ཡོད་པར་བྱས། ཕ་བུ་མཉམ་ལས་དང་བརྩེ་སེམས་བརྒྱུད་སྤྲོད་སོགས་དྲོ་སྐྱིད་དང་མཛེས་སྡུག་ལྡན་པའི་རྣམ་པ་རེ་རེ་ཇུས་འགོད་ཞིབ་ཚགས་བྱས་ཏེ“དྲུག་གཅིག”སྤྲོ་སྣང་དང་བདེ་སྐྱིད་ལྡན་པར་བྱས་པ་རེད། །