ཞི་ཅིན་ཕིང་ཅིན་ཀྲིན་ཨེན་གྱིས་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཕིན་རང་མུའུ་ལན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨེན་གྱིས་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས། འདི་ནི་ཞི་ཅིན་ཕིང་དང་ཕིན་ལི་ཡོན་གཉིས་ཀྱིས་ཅིན་ཀྲིན་ཨེན་དང་ལི་ཞུའེ་ཀྲུའུ་གཉིས་དང་མཉམ་པར་ལེན་པའི་ཚུལ་རེད།
ས་གནས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཕིན་རང་མུའུ་ལན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨེན་གྱིས་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས།
མུའུ་ལན་ཁང་དུ་ཕེབས་པའི་ལམ་བར་དུ། ལུས་ལ་མི་རིགས་ཀྱི་རྒྱན་གོས་གྱོན་པའི་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཞི་ཅིན་ཕིང་ལ་བསུ་མ་གནང་། མུའུ་ལན་གསོལ་སྟོན་ཁང་དུ་གློག་འོད་རབ་ཏུ་འཚེར་ཞིང་། མེ་ཏོག་གིས་རྣམ་པར་བརྒྱན་པས་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས་ཡོད།
དགོང་མོའི་ཆུ་ཚོད7པར། ཞི་ཅིན་ཕིང་དང་ཕིན་ལི་ཡོན་རྣམ་གཉིས་མུའུ་ལན་ཁང་དུ་འབྱོར་ཞིང་། ཅིན་ཀྲིན་ཨེན་དང་ལྕམ་མོ་ལི་ཞུའེ་ཀྲུའུ་གཉིས་ཀྱིས་དགའ་སྤྲོའི་ངང་བསུ་མ་གནང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པ་བཟའ་ཟླས་བྱམས་བརྩེའི་ངང་མཉམ་པར་བླངས། ཁྲའོ་ཞན་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་གྲལ་བསྒྲིགས་ནས་དགའ་བསུ་དང་གུས་འདུད་ཞུས།
དེའི་རྗེས་སུ། ཞི་ཅིན་ཕིང་དང་ཕིན་ལི་ཡོན་གྱིས་ཅིན་ཀྲིན་ཨེན་དང་ལི་ཞུའེ་ཀྲུའུ་གཉིས་ཀྱི་ཕེབས་རོགས་འོག་གསོལ་སྟོན་ཚོམས་ཆེན་དུ་ཕེབས། ཚོགས་ར་ཡོངས་ཡར་ལངས་ཏེ་དགའ་བསུ་གནང་།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་དང་ཅིན་ཀྲིན་ཨེན་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ།

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས8ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཕིན་རང་མུའུ་ལན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨེན་གྱིས་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་འབུལ་བའི་ཚུལ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་རི་ཆུ་སྦྲེལ་མཐུད་དང་ལས་དབང་མཉམ་དུ་སྦྲེལ་བས། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་གྲོགས་དེ་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཁྲོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་དུས་ཡུན་རིང་པོར་སྲ་བརྟན་དུ་ཕྱིན་ཡོད། ད་ལོ་ནི《ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་འཁོར65ལོན་པའི་ལོ་ཡིན་པ་དང་། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་ལངས་ཡོད། ངས་ད་ཐེངས་འཚམས་འདྲི་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨེན་དང་ཐུན་མོང་གི་ངོས་འཛིན་གལ་ཆེན་བཞག་ཡོད། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་གི་འཐབ་ཇུས་མཐོ་ཚད་ཐོག་ནས། དུས་རབས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་བསྟུན་ཏེ། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་ཀྱི་འབྲེལ་གཏུག་གཏིང་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། དམངས་སེམས་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བ་ཆུ་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྔར་བས་མཛེས་སྡུག་ལྡན་པའི་མདུན་ལམ་གཏོད་དེ། མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་སྐུལ་སྤེལ་བྱེད་དགོས་པར་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོར་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་དགུ་པ་རྒྱལ་ཁའི་ངང་འཚོགས་ནས། ཁྲའོ་ཞན་ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་གི་བྱ་གཞག་འཕེལ་རྒྱས་ཐད་འཐབ་ཇུས་འཆར་འགོད་དང་བཀོད་སྒྲིག་གལ་ཆེན་བྱས་ཏེ། ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་སྐབས་གསར་པ་ཞིག་བཏོད་ཡོད། ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་བཟང་པོ་བཅས་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨེན་གཙོ་བྱས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་མགོ་ཁྲིད་སྟོབས་ལྡན་འོག ཁྲའོ་ཞན་མི་དམངས་ཀྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་དགུ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ནས། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་ཟམ་མི་ཆད་པར་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།
ཅིན་ཀྲིན་ཨེན་གྱིས་ཁྲའོ་ཞན་གྱི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན། ཅིན་ཀྲིན་ཨེན་གྱིས་བསྟན་དོན། དེ་རིང་གི་ཕིན་རང་དུ་ག་ས་གང་དུ་མཛའ་གྲོགས་ཀྱི་བརྩེ་སེམས་ཀྱིས་ཁེངས་ཡོད་ལ། ཁྲའོ་ཞན་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ཆེས་གུས་པར་འོས་པའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོར་འཚམས་འདྲིར་ཕེབས་ཐེངས་དང་པོ་ཁྲའོ་ཞན་དུ་ཕེབས་པ་དེ་ཐོག་ནས། ཁྲའོ་ཞན་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྒྱབ་སྐྱོར་རྩ་ཆེ་ཤོས་གནང་བ་མཚོན་ཡོད།
ཅིན་ཀྲིན་ཨེན་གྱིས་བསྟན་དོན། ང་དང་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་གིས་ཟླ་བ་དགུ་སོང་རྗེས་སླར་ཡང་ཐུག་འཕྲད་གནང་ནས། དུས་བབ་ཀྱི་འགྱུར་ལྡོག་གསར་པ་དང་ཟུང་འབྲེལ་གྱིས་དུས་རབས་ཀྱི་ནང་དོན་གསར་པ་ལྡན་པའི་ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བར་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་མ་ཟད། ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་རྒྱ་ཁྱབ་བྱས་ལ། དེས་ལོ་རྒྱུས་ཀྱི་སྲོལ་རྒྱུན་ཟབ་མོ་ལྡན་པའི་ཁྲའོ་ཞན་དང་ཀྲུང་གོའི་མཛའ་བརྩེ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ཆེད་ལེགས་སྐྱེས་འབུལ་ཐུབ་ངེས་རེད། ཁྲའོ་ཞན་མི་དམངས་ཀྱིས་སྤུན་ཟླའི་ཀྲུང་གོའི་མི་དམངས་ལ་ཐོབ་པའི་རླབས་ཆེན་གྲུབ་འབྲས་ལ་སྙིང་དབུས་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག རླབས་ཆེན་གྱི་ཀྲུང་གོ་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་དང་། ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་པ་མངོན་འགྱུར། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བཅས་བྱེད་པའི་རྒྱང་སྐྱོད་གསར་པའི་ཁྲོད་གྲུབ་འབྲས་སྔར་ལས་ཆེ་བ་གཏོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་གསོལ་སྟོན་ལ་ཞུགས། །