རྐང་ཚས“དམར་མདོག་གི་ཏང་འཛུགས་སྐྱོང”དང“ལྗང་མདོག་གི་སྐྱེ་ཁམས”མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས།
发布时间:2026年06月17日
消息来源:
རྩོམ་སྒྲིག ལྷ་ཆེན། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་རྩ་བའི་གཞི་འཛིན་སར་བྱས་ཏེ།“དམར་མདོག་གི་ཏང་འཛུགས་སྐྱོང”དང“ལྗང་མདོག་གི་སྐྱེ་ཁམས”མཉམ་འདྲེས་ཀྱི་ཐབས་ལམ་གཏིང་ཟབ་ཏུ་བཏང་ནས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་ནགས་ཚལ་དང་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་དངོས་སུ་བསྒྱུར་ཏེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། སྐྱེ་ཁམས་ཉམས་གསོ། ཐོན་ཁུངས་བདག་དོམ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་རྒྱུན་མཐུད་ངང་ནུས་ཤུགས་བཏོན་ནས་ནགས་ཚལ་དང་རྩྭ་ཐང་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།


ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མ་ལག་བཙུགས་ནས་ས་ཁོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་དོ་དམ་སྲུང་སྐྱོང་གི་དྲ་བ་ཞིག་བཟོས། ཏང་གི་མགོ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་སོ་སོའི་ནང་ཁྱབ་པ་མཐའ་འཁྱོངས་བྱས་ཏེ། “དཔོན་པོ”སྲོག་ཤིང་དུ་བྱས་ནས་རྫོང་དང་ཡུལ་ཚོ(གྲོང་རྡལ)སྡེ་བ་བཅས་རིམ་པ་གསུམ་གྱི་འགན་འཁྲིའི་མ་ལག་བཙུགས་པ་དང་རིམ་པ་གསུམ་པའི་ནགས་ཚལ་དང་རྩྭ་ཐང་དཔོན65དང་། དྲ་མིག་ཅན་གྱི་དོ་དམ་སྲུང་སྐྱོང་མི་སྣ538བཀོད་སྒྲིག་བྱས་ནས་ནགས་ས་མུའུ་ཁྲི57.19དང་རྩྭ་ས་མུའུ་ཁྲི1035.96ཡི་ས་ཁོངས་ཧྲིལ་པོར་ཁུག་ཀྱོག་མེད་པའི་དྲ་མིག་ཅན་གྱི་དོ་དམ་མངོན་འགྱུར་བྱུང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་འགན་འཁྲི་ནན་དུ་བཏང་བ་དང་། ཏང་ཡོན་ལས་བྱེད་པ་དང་དོ་དམ་སྲུང་སྐྱོང་པ་སྒྲིག་འཛུགས་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ནགས་ཚལ་དང་རྩྭ་སྐོར་ཞིབ་ཐེངས་ཁྲི6ལྷག་ཙམ་བྱས་ལ། མཉམ་འབྲེལ་སྒོས་རྨོ་བསྐྱུར་ནགས་གསོ་ས་ཁུལ་དུ་ཕྱུགས་འཚོ་བའི་ཆེད་དོན་སྐོར་ཞིབ་བྱས་ཏེ་སྐྱེ་ཁམས་དོ་དམ་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱས། རྒྱལ་ཁབ་ལ་དབང་བའི་ནགས་ཚལ་དང་རྒྱལ་ཁབ་ལ་མི་དབང་བའི་ནགས་ཚལ་དོ་དམ་སྲུང་སྐྱོང་གི་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ནས་དོ་དམ་སྲུང་སྐྱོང་ས་ཚིགས་གསར་སྐྲུན་དང་སྐོར་སྲུང་སྒྲིག་ཆས། མི་མེད་གནམ་གྲུའི་རིག་ནུས་དོ་དམ་བདག་སྐྱོང་མ་ལག་ཆ་ཚང་བཀོད་སྒྲིག་བྱས་ཏེ་ལོ་ཧྲིལ་པོར་དོ་དམ་བདག་སྐྱོང་གི་གླ་ཕོགས་དང་དེ་བཞིན་ཕན་འབྲས་སྒོར་ཁྲི855.37སྤྲད་པས་གཞི་རིམ་དོ་དམ་དཔུང་ཁག་གི་འགན་འཁྲི་སྒྲུབ་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། རེས་སྐོར་བཞི་པའི་འབྲོག་ཁུལ་དང་རྩྭ་ཕྱུགས་དོ་སྙོམས་ཁུལ་ཇེ་ལེགས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་རིམ་རྩིས་བྱས་ན་སྤྱིའི་རྒྱ་ཁྱོན་མུའུ་ཁྲི1037.2639དབྱེ་འབྱེད་གཏན་འཁེལ་བྱས་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་མཉམ་སྒྲུབ་མཉམ་སྐྱོད་བྱ་རྒྱུར་སྐུལ་འདེད་བཏང་།

ཏང་འཛུགས་སྐྱོང་གིས་ལས་གཞི་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་བདེ་འཇགས་ཀྱི་ལྗང་མདོག་སྲུང་ཡོལ་ཇེ་བརྟན་དུ་བཏང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་ཆུ་ཁུངས་གསོ་སྐྱོང་དང་རྩྭ་ས་ཉམས་གསོ། གནོད་ཡོད་སྐྱེ་དངོས་སྔོན་འགོག་ཚོད་འཛིན། དེ་བཞིན་རྒྱལ་ཁབ་ས་ཆ་སྔོ་བསྒྱུར་བཅས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས། 2025ལོར་རིམ་རྩིས་བྱས་ན་གཙོ་གནད་སྐྱེ་ཁམས་མ་འཇོག་སྒོར་ཁྲི4437ལེགས་གྲུབ་བྱུང་བ་དང་། སྐྱེ་ཁམས་ལས་གཞི་སོ་སོ་བདེ་བླག་ངང་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན། སྤུས་ཚད་མཐོ་བའི་སྒོ་ནས་མ་དངུལ་སྡོམ་འབོར་སྒོར་ཁྲི2135བཏང་ནས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་དང་། ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞིར་སྐུལ་འདེད་བཏང་ནས་ཞན་འགྱུར་རྩྭ་ཐང་མུའུ་ཁྲི5དང་ལྕགས་དྲ་སྨི་ཁྲི12.05ལེགས་སྒྲུབ་བྱས། དུས་བཅད་ལྟར་ལས་མཇུག་གྲིལ་བ་མ་ཟད་རྫོང་རིམ་པའི་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་མ་དངུལ་གཏོང་སྤྲོད་བྱེད་ཚད97%ཟིན་ལ། འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ཡོད། མ་དངུལ་སྒོར་ཁྲི2302བཏང་ནས་ལྟེ་བའི་སྐྱེ་ཁམས་སླར་གསོའི་ལས་གྲྭ་ཁག5གཅིག་གྱུར་འཆར་འགོད་ལག་བསྟར་བྱས་ཏེ“རྫོང་རིམ་པའི་ལེ་ལག+སྡེ་བའི་ཐུན་མོང་གིས་མ་འཇོག+འབྲོག་པས་རང་གྲབས”བཅས་ཀྱི་ཏང་འཛུགས་སྐྱོང་མཉམ་སྐྲུན་མཉམ་བཅོས་བྱེད་སྟངས་གསར་གཏོད་དང་ཁྱབ་གདལ་བཏང་ལ། མ་དངུལ་སྒོར་ཁྲི168བཏང་ནས་མུའུ་ཁྲི238ཀྱི་ཨ་བྲ་འགོག་བཅོས་ལེགས་སྒྲུབ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད། མུའུ་ཁྲི0.5ཡི་རྩྭ་སོན་གསོ་སྤེལ་རྟེན་གཞི་དང་མུའུ600ཡི་ས་བབ་མཐོ་བའི་རྩྭ་ཐང་ཕྱོགས་བསྡུས་བཅོས་སྐྱོང་དཔེ་སྟོན་ཁུལ་བསྐྲུན་ནས་ས་ཁོངས་ཀྱི་སྐྱེ་ཁམས་སླར་གསོར་སྲ་ཞིང་བརྟན་པའི་སོན་ཁུངས་ཀྱི་འདེགས་སྐྱོར་དང་འདྲ་བཟོ། ཁྱབ་གདལ་གཏོང་ཆོག་པའི་ལག་རྩལ་དཔེ་དབྱིབས་མཁོ་འདོན་བྱས་ཡོད། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་ཏན་ཏིག་ངང་སྤེལ་བ་དང་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སྣེ་ཁྲིད་དེ་དེའི་ནང་ཞུགས་སུ་བཅུག་པ་དང་མི500ལྷག་ཙམ་གྱིས་སྡོང་ཕྲུག་རྐང་ཁྲི1.2བཙུགས་པ་དང་སྔོ་འགྱུར་མུའུ162བྱས། ལོ་ཧྲིལ་པོར་ནགས་སྐྲུན་མ་དངུལ་སྒོར་ཁྲི1000བཏང་ནས་སྔོ་འགྱུར་མུའུ1400ལྷག་ལེགས་སྒྲུབ་བྱས་པ་དང་སྡོང་ཕྲུག་རྐངཁྲི་22བཙུགས་ལ། མེ་ཏོག་མུའུ47.37བཏབ་ནས་དཔྱིད་དུས་ཀྱི་ཞིང་ཆུ་འདྲེན་པའི་དོ་དམ་སྲུང་སྐྱོང་ལ་དུས་གཅིག་ཏུ་ཤུགས་སྣོན་བརྒྱབ་སྟེ་སྡོང་ཕྲུག་གསོན་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པས་མཁར་གྲོང་གི་སྔོ་འགྱུར་སྤུས་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད།

ཏང་འཛུགས་སྐྱོང་གིས་མཚམས་ཐིག་བརྟན་སྲུང་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་བདེ་འཇགས་སྲུང་རགས་ཇེ་བརྟན་དུ་བཏང་། ཏང་འཛུགས་སྐྱོང་འབྲེལ་ཐག་ཏུ་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ། སྤྱི་བདེ་དང་ནགས་ཚལ་རྩྭ་ཐང་སོགས་སྡེ་ཁག་མང་པོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། ཏང་ཡོན་གྱི་མེ་ཟོན་སྐོར་ཞིབ་གདོང་ལེན་རུ་ཁག་བཙུགས་ནས་རིམ་རྩིས་བྱས་ན་མེ་སྐྱོན་གྱི་བྱུར་རྐྱེན་ཐེངས100ལྷག་ཙམ་གྲལ་བཤེར་བྱས་པ་དང་གློག་འདྲེན་སྐུད་ལམ་སྤྱི་ལེ100དང་། བསང་ཁྲི43རྒྱུན་རྣམ་ཅན་གྱི་སྐོར་ཞིབ་ཁྱབ་ཁོངས་ནང་བཞག་སྟེ་ནུས་ཤུགས་ཡོད་རྒུས་མེ་སྐྱོན་གྱི་ཉེན་ཁར་དོགས་ཟོན་དང་སེལ་ཐབས་བྱས། ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་མུའུ་ཁྲི63གྱི་ས་ཁོངས་ཡོངས་ལ་ལྟ་ཞིབ་ཚད་ལེན་ལེགས་སྒྲུབ་བྱས་ཡོད། “ཕུབ་ལྗང2025”ནད་ཡམས་བརྟག་ཞིབ་ཀྱི་ཁྲིམས་འཛིན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ་སྡོང་ཕྲུག་ཁྲི215ལྷག་ལ་བསྐྱར་བཤེར་བྱས། ནགས་ཚལ་མུའུ1570ལ་ཆེད་དོན་སྐོར་ཞིབ་བྱས་ནས་ལོ་ཧྲིལ་པོར་ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་མུའུ་ཁྲི1འགོག་བཅོས་བྱས་ལ། གནོད་མེད་འགོག་བཅོས་ཚད100%དང་གནོད་འཚེ་ཕོག་ཚད0ཡིན་པས་རྐང་ཚ་རྫོང་ལ“2025ལོ་འཁོར་གྱི་སྔོན་ཐོན་རྒྱལ་ཁབ་རིམ་པའི་ལྟེ་བའི་ཚད་འཇལ་ས་ཚིགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ།
ཏང་འཛུགས་སྐྱོང་གིས་ཚེ་སྲོག་སྲུང་སྐྱོང་ལ་སྣེ་ཁྲིད་བྱས་ཏེ་སྐྱེ་དངོས་སྣ་མང་དང་ཞི་མཐུན་གྱི་རི་མོ་བྲིས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་དེ་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་སྐྱེ་ཁམས་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ནང་འཇུག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ལ། གཏན་འཇགས་ལྟ་ཞིབ་ཚད་ལེན་ས་ཚིགས5དང་གནས་སྐབས་ལྟ་སྐུལ་ཚད་ལེན་ས་ཚིགས2དང་། ཆེད་དོན་སྐོར་ཞིབ་ལམ་ཐིག2ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ། འབྲོག་པ་ཏང་ཡོན10རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་སྐུལ་ཚད་ལེན་པར་གདན་དྲངས་ནས་ཞིང་ཆེན་ཕྱུགས་ལས་སྨན་བཅོས་ཚན་རིག་ཁང་གི་ཆེད་ལས་ལག་རྩལ་སྟོབས་ཤུགས་དང་མཉམ་འབྲེལ་བྱས་ནས་བྱ་རིགས་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱས། གཙོ་གནད་སྐྱེ་དངོས་རིགས་སྲུང་སྐྱོང་དང་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དགོ་དམར་དགུན་སྐྱེལ་གཟན་ཆས་ཁ་གསབ་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་རིམ་རྩིས་བྱས་ན་གཟན་ཆས་ཏུན10ལྷག་སྤྲད་དེ་དགོ་དམར་དགུན་སྐྱེལ་འཚོ་གནས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས། སྔ་རྗེས་སུ་རི་སྐྱེས་བྱ་ཁྲ་དམར་པོ་དང་མཐོ་སྒང་གི་རྒོད། གེ་སར་རྟ་རྫི་སོགས་རི་སྐྱེས་སྲོག་ཆགས10ལྷག་ཙམ་བདེ་བླག་ངང་སྐྱོབ་རོགས་བྱས་པ་དང་། གཟུགས་པོ་ཞན་པའི་གསའ1བདེ་བླག་ངང་སྐྱོབ་བཅོས་བྱས་པར་མ་ཟད་མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་སུ་བདེ་འཇགས་ངང་བསྐྱལ་བས་རྫོང་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་དོན་གྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཞིག་དུ་གྱུར་ནས་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་མཉམ་འབྲེལ་ཐོག“མཚོ་སྔོན་པོའི་བྱ་གཟིགས་དུས་ཚིགས”ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཚན་རྩལ་ཁྱབ་གདལ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་སློབ་གྲྭར་དྲིལ་སྒྲོག་སློབ་གསོ་མི་ཐེངས140ལྷག་ཙམ་སྤེལ་ལ། དྲིལ་སྒྲོག་ལག་དེབ་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་གི་དངོས་ཟོག200ལྷག་ཙམ་སྤྲད་དེ་སྤྱི་ཚོགས་ཡོངས་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་ཉམས་སྣང་ཟབ་མོ་ཞིག་བཏོད།