网站无障碍
མཚོ་བྱང་མདོ་ལ་བོད་ལུག་རུ་ཁག3:1གི་གྲུབ་འབྲས་ཀྱིས་འགྲན་ཡ་ལས་རྒྱལ།
发布时间:2026年06月30日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ཟླ6པའི་ཚེས28ཉིན། "རབ་མཛེས་མཚོ་སྔོན·མཐོ་སྒང་རྐང་གྲུག"རིམ་འདས་སྦྲེལ་འགྲན་སྐབས་གསུམ་པའི་འགྲན་སྐོར་ལྔ་པའི་འགྲན་སྡུར་དངོས་སུ་མགོ་བརྩམས་ཤིང་། མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་རྒྱང་ཐག་རིང་བའི་ན་གོར་མོའི་འགྲན་རར་བསྐྱོད་དེ་མཚོ་ནུབ་ཚྭ་འདམ་རུ་ཁག་ལ་འགྲན་སློང་བྱས་པ་དང་། མཐར་མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་གིས་ཕུལ་དུ་བྱུང་བའི་ཚོགས་པའི་གཞོགས་འདེགས་བརྟན་པོའི་ངང3:1གི་གྲུབ་འབྲས་ཀྱིས་འགྲན་ཡ་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁའི་འབྲས་བཟང་བླངས།

图片
图片
图片
图片

   འགྲན་སྡུར་གྱི་ཉིན་མོར་གནམ་གཤིས་དྲོ་ཞིང་ན་གོར་མོའི་ལུས་རྩལ་ར་བར་མཚོ་ནུབ་དང་མཚོ་བྱང་ས་ཁུལ་གཉིས་ཀྱི་གྲུག་ཞེན་པའི་མི་ཚོགས་ཀྱིས་ཁེངས་ཤིང་། དགའ་འབོད་དང་སྤྲོ་སེམས་ཀྱིས་ཡུལ་དངོས་ཀྱི་རྣམ་པ་སྤྲོ་བའི་གཏོས། འགྲན་སྡུར་མགོ་མ་བརྩམས་པའི་ཡར་སྔོན་དུ་གཙོ་སྒྲུབ་པའི་མཚོ་སྔོན་ས་ཁོངས་ཀྱི་ཁྱད་ལྡན་གླུ་གར་འཁྲབ་སྟོན་བྱས་ཤིང་། ཚོན་མདངས་རྣམ་པར་བཀྲ་བའི་རིག་རྩལ་ལེ་ཚན་གྱིས་ཡུལ་དངོས་ཀྱི་རྣམ་པ་བཏོད་ནས་འགྲན་སྡུར་ལ་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་ཟབ་མོ་བསྣན།

图片

图片

  ཕྱི་དྲོའི་དུས་ཚོད6དང་སྐར་མ30སྟེང་འགྲན་སྡུར་དངོས་སུ་མགོ་བརྩམས་ཤིང་། འགྲན་སྟོད་ལ་རུ་ཁག་གཉིས་ཀྱིས་ཕན་ཚུན་དབར་ཛ་དྲག་གི་ཕར་རྒོད་དང་འགོག་སྲུང་ཐེངས་མང་བྱས་ལ་མཚོ་ནུབ་ཚྭ་འདམ་རུ་ཁག་གིས་རང་སའི་ལེགས་ཆར་བརྟེན་ནས་ཕར་རྒོལ་གྱི་འཇིག་སྐུལ་ཐེངས་མང་བཟོས་མོད། མཚོ་བྱང་རུ་ཁག་གི་འགོག་སྲུང་གིས་གནད་ལ་འཁེལ་བའི་ཉེན་ཁའི་གནས་ཚུལ་ཐེངས་མང་སེལ་བར་མ་ཟད་འགྲན་ཡའི་འགོག་སྲུང་གི་མི་འདང་འཚོལ་ནས་མགྱོགས་མྱུར་ངང་རྒོལ་ལན་སྤྲད་དེ1:0གིས་འགྲན་སྟོད་མཇུག་སྒྲིལ།

图片

图片

 འགྲན་སྨད་འགྲན་སྡུར་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། མཚོ་ནུབ་རུ་ཁག་གིས་འཐབ་རྩལ་ལེགས་སྒྲིག་བྱས་ནས་ནུས་ཤུགས་ཡོད་རྒུས་ཕར་རྒོལ་དང་ཧུར་བརྩོན་གྱིས་འགྲན་རྩོད་བྱས་ལ། མཚོ་བྱང་རུ་ཁག་གི་སེམས་ཁམས་བརྟན་པོ་དང་འཐབ་རྩལ་གསལ་པོ། རྒོལ་འགོག་གོ་རིམ་ལྡན་པས་བསྟུད་མར་སྤོ་ལོ་གཉིས་ནང་དུ་བླུགས་ནས་བསྡུར་གྲངས3:0རུ་རྒྱ་བསྐྱེད། བསྡུར་གྲངས་ཀྱི་རྗེས་སུ་ལུས་པའི་མཚོ་ནུབ་རུ་ཁག་གིས་སྔར་བཞིན་སེམས་ཤུགས་མ་ཉམས་པར་འབད་འཐབ་བྱས་པ་དང་། འགྲན་སྡུར་གྱི་མཇུག་ཏུ་གཞོགས་འདེགས་ཡག་པོ་བྱས་ནས་མཚོ་བྱང་རུ་ཁག་གི་སྒོ་ནང་དུ་སྤོ་ལོ་གཅིག་བླུགས། 

图片

 མཇུག་མཐར་སྐར་གྲངས3:1ཡིན་ལ། འགྲན་སྡུར་ཧྲིལ་པོར་རུ་ཁག་གཉིས་ཀྱི་རུ་མིས་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་མ་གྲོས་གཅིག་མཐུན་གྱིས་མཉམ་ལས་བྱས་པས་བློ་བརྟན་འགྱུར་མེད་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་ལུས་རྩལ་སྙིང་སྟོབས་གང་ལེགས་མངོན་ཡོད། ཐེངས་འདིའི་འགྲན་སྡུར་ནང་མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་ཚོའི་རྩེར་སོན་གྱི་སྤོ་ལོའི་རྩལ་ནུས་དང་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་མངོན་པར་མ་ཟད། ས་གནས་དེ་གའི་དམངས་ཡོངས་ཞུགས་པ་དང་དམངས་ཡོངས་ལུས་སྦྱོང་བྱེད་པའི་ལུས་རྩལ་གྱི་དར་སྲོལ་གསར་པ་དེ་བས་མངོན་ཡོད།