ནག་ཆུ་གྲོང་ཁྱེར་གྱིས་སྟོང་འདུས་སྐོར་བྲོ་འཁྲབ་སྟོན་བྱ་འགུལ་སྤེལ་བ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། སྟོང་འདུས་སྐོར་བྲོ་འཁྲབ་སྟོན་གཟབ་རྒྱས་ཤིག་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་གེ་སར་རྟ་རྒྱུག་ར་བ་རུ་སྤེལ་མགོ་བརྩམས། བྱ་འགུལ་ལ་བོད་ལྗོངས་ཀྱི་ས་ཁུལ་སོ་སོའི་འཐུས་མི་རུ་ཁག་གི་འགྲེམས་སྟོན་དང་། ཞབས་བྲོ་འཁྲབ་མཁན1105ཡིས་ནག་ཆུ་ས་ཁུལ་དུ་སྐོར་བྲོ་འཁྲབ་པ་སོགས་ཀྱི་ནང་དོན་ཁག་གཉིས་ལས་གྲུབ་ཡོད། དེའི་ཁྲོད་ཞུགས་མཁན་གྱི་གྲས་སུ་ཆེད་ལས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་དང་། དམངས་ཁྲོད་སྐོར་བྲོ་རུ་ཁག་གི་རུ་མི། དེ་མིན་སྐོར་བྲོ་ལ་དགའ་མཁན་སོགས་འདུས་ཡོད།





