དབྱར་ཁར་རླངས་འཁོར་ནང་དུ་སྣུམ་ཧ་ཅང་བཀང་ལྡུག་རུང་ངམ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དབྱར་ཁར་རླངས་འཁོར་ནང་དུ་སྣུམ་ཧ་ཅང་བཀང་ལྡུག་རུང་ངམ། གནམ་གཤིས་རིམ་བཞིན་ཇེ་དྲོར་ཕྱིན་ནས་ཚ་གདུག་ཆེ་བའི་གནས་སུ་གྱར་ཡོད་པས། “སྣུམ་ལྡུག་མན་ངག”ཁ་ཤས་ཤིག་ཀྱང་དར་ཁྱབ་ཏུ་འགྲོ་བཞིན་ཡོད། བཤད་ཚུལ་འདི་དག་ནི་བདེན་པ་ཡིན་ནམ། རླངས་འཁོར་ཁ་ལོ་བས་སེམས་ཁུར་བྱེད་པའི“དབྱར་ཁར་རླངས་འཁོར་ནང་དུ་སྣུམ་ཧ་ཅང་བཀང་ལྡུག་ཆོག་གམ”ཞེས་པའི་གནད་དོན་དེར་དམིགས་ནས། ཀྲུང་གོ་རྡོ་སྣུམ་དང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཞིབ་འཇུག་ཁང་གི་འབར་རྫས་གཙང་མ་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཆེད་མཁས་པ་ཅུས་ཡ་ན་ཡིས“རླངས་སྣུམ་ལ་ཡང་ཚ་འཕེལ། གྲང་འཁུམ་གྱི་ཁྱད་ཆོས་ལྡན་ལ། དབྱར་དུས་དྲོད་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་རླངས་སྣུམ་སྔར་ལས་རླངས་པར་འགྱུར་བ་སླ་བ་དང་སྣུམ་སྒམ་ནང་དུ་སྣུམ་རླངས་འབོར་ཆེན་ཐོན་ནས་ནང་ཁུལ་གྱི་གནོན་ཤུགས་དེ་དང་ཆབས་ཅིག་ཆེ་རུ་འགྲོ་བཞིན་ཡོད། གལ་ཏེ་སྣུམ་བླུག་པ་བཀང་དྲགས་ན་སྣུམ་སྒམ་ནང་དུ་བར་སྟོང་མེད་པར་ཆགས་ནས་སྣུམ་རླངས་འཕེལ་འོང་བའི་རླངས་སྣུམ་ཕྱིར་གཏོང་བྱེད་ས་མེད་པས་སྣུམའཛག་པ་དང་རླངས་པ་ཕྱིར་རུ་ཤོར་བའི་ཉེན་ཁ་ཆེ་རུ་འགྲོ་སྲིད་ཅིང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པས་དབྱར་ཁར་རླངས་འཁོར་དུ་སྣུམ་ཧ་ཅང་བཀང་ལྡུག་མི་རུང་།