ལྷ་སའི་མལ་གྲོ་གུང་དཀར་རྫོང་དུ་པད་ཁའི་མེ་ཏོག་ལ་བརྟེན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་བ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཁོངས་སུ་པད་ཁའི་མེ་ཏོག་རྣམ་པར་བཞད་པའི་ཚུལ་རེད།

དབྱར་གཞུང་གི་མལ་གྲོ་གུང་དཀར་རྫོང་དུ་གསེར་མདོག་གི་རླབས་ཕྲེང་འཕྱུར་ཡོད། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་མུའུ་ཁྲི་ཡི་པད་ཁའི་མེ་ཏོག་དུས་ལྟར་རྣམ་པར་བཞད་ཡོད་པས། ཡུལ་སྐོར་པའི་ཡིད་དབང་འཕྲོག་ཡོད་པ་མ་ཟད། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལའང་ནུས་པ་ཐོན་ཡོད།
ཉེ་བའི་ལོ་འགའི་རིང་། མལ་གྲོ་གུང་དཀར་རྫོང་གིས་པད་ཁའི་ཐོན་ལས་ཕྲེང་འབྲེལ་ཧྲིལ་བོའི་རིན་ཐང་འཚོལ་ཞིབ་སྔོག་འདོན་བྱས་ཏེ། དུས་མགོར“མེ་ཏོག་གི་རྒྱ་མཚོའི་དཔལ་འབྱོར”ལེགས་པོར་གཉེར་ནས་འོས་སྦྱོར་ཚོགས་འདུ་སྤེལ་བ་བརྒྱུད་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་པ། རྗེས་སུ“སྣུམ་རྒྱུའི་དཔལ་འབྱོར”སྟོབས་ཆེར་བཏང་ཤིང་། གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་ཚོང་རྟགས་ཅན་གྱི་ཚོར་གཉེར་ལ་བརྟེན་ནས་པད་ཁའི་སྣུམ་ལས་སྣོན་གྱི་ཕྲེང་འབྲེལ་དབར་སྣུར་སྲིང་བྱས། “མ་རྒྱུ་བཙོང་བ”ནས“ཐོན་རྫས་བཙོང་བ”དང་དེ་ནས“མཛེས་ལྗོངས་ལྟ་སྐོར”བར་ཐོན་ལས་ཕྲེང་འབྲེལ་ཧྲིལ་བོ་ཕན་ཚུན་སྣོལ་འབྲེལ་བྱས་ཡོད། ད་སྐབས། པད་ཁའི་མེ་ཏོག་ཆུང་ངུ་དེ་མང་ཚོགས་ཀྱི་སྒོ་རྩའི“ཕྱུག་འགྱུར་མེ་ཏོག”ཏུ་གྱུར་ཡོད་པ་དང་ཡུལ་མི་ཚོའི་ཡོང་འབབ་འཕར་བའི་གཏིང་ཤུགས་ཆེ་རུ་ཕྱིན་ཡོད།།
ཀླུ་མོ་མཚོ་ཡིས་བསྒྱུར།




པར་འདི་དག་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཁོངས་སུ་པད་ཁའི་མེ་ཏོག་རྣམ་པར་བཞད་པའི་ཚུལ་རེད།