འཛམ་གླིང་བུམ་པའི་བྱ་དགའ་ཐོབ་མཁན།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
2026ལོའི་ཨ་ཁ་མོ་འཛམ་གླིང་བུམ་པའི་རྟིང་རྩོད་འགྲན་སྡུར་དེ་ས་གནས་དེ་གའི་དུས་ཚོད་ཀྱི་ཚེས19ཉིན་མཇུག་སྒྲིལ་བ་དང་།སི་ཕེན་རུ་ཁག་གིས་རྟིང་རྩོད་འགྲན་སྡུར་ཁྲོད1:0གྲུབ་འབྲས་ཀྱིས་ཨ་ཀེན་ཐིན་རུ་ཁག་ཕམ་པར་བརྒྱབ་ནས་ཨང་དང་པོ་བླངས་པ་རེད། སྐབས་འདིའི་འཛམ་གླིང་བུམ་པའི་འགྲན་སྡུར་གྱི་རྣམ་གྲངས་སོ་སོའི་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་གཤམ་གསལ་ལྟར།སི་ཕེན་རུ་ཁག་གི་ལོ་ཏིག་ལེས་ལ་གསེར་གྱི་སྤོ་ལོའི་བྱ་དགའ་ཐོབ།

ཧྥ་རན་སེའི་རུ་ཁག་གི་མུའུ་པ་ཕའེ་ལ་གསེར་ལྷམ་བྱ་དགའ་ཐོབ། ཁོས་ཐེངས་འདིའི་འགྲན་སྡུར་ཁྲོད་ཁྱོན་སྤོ་ལོ10ནང་དུ་བླུགས་ཡོད་པ་རེད།

སི་ཕེན་རུ་ཁག་གི་སྒོ་ར་བ་ཝུའུ་ནའེ་ཞི་མིན་ལ་གསེར་གྱི་ལག་ཤུབས་བྱ་དགའ་ཐོབ།

སི་ཕན་རུ་ཁག་གི་རྐང་རྩལ་པ་ཁའོ་པ་ཞའེ་ལ་ཆེས་བཟང་བའི་ན་གཞོན་རྐང་རྩལ་པའི་བྱ་དགའ་ཐོབ།
