网站无障碍
སྨི་ཏི་ཁ་བརླན་སའི་མཛེས་ལྗོངས་ལྟ་ན་སྡུག །
发布时间:2026年08月05日 消息来源:

རྩོམ་སྒྲིགལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཁམས་པ་བརྙན་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས

图片

པར་འདི་ནི་སྨི་ཏི་ཁ་བརླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཛེས་ལྗོངས་རེད། 

 བོད་ལྗོངས་སྨི་ཏི་ཁ་བརླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྨི་ཏི་ཁ་ཞང་དུ་གནས་ཤིང་། དེ་གའི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི4900ཟིན་པ་དང་དེ་ནི་དཔེ་མཚོན་གྱི་མཐོ་སྒང་གི་མཚེའུའི་ན་འདམ་སྤང་ཐང་བརླན་ས་རེད། 2004ལོར་རྒྱལ་སྤྱིའི་བརླན་སའི་སྤྱི་གན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཏུ་ངོས་འཛིན་བྱས་ཤིང་། 2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱུང་བ་རེད།

 ཉེ་བའི་ལོ་འགའི་རིང་། ལྷ་རི་རྫོང་གིས་མུ་མཐུད་དུ་རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྐྱེ་ཁམས་བདག་སྐྱོང་དྲ་རྒྱ་འཐུས་ཚང་དུ་བཏང་བ་དང་། མཁའ་བསྐྱོད་པར་ཆས་དང་རྒྱང་ཤེལ་གྱིས་ལྟ་དཔྱད་ཚད་འཇལ། རྐང་ཐང་རྩད་ཞིབ་སོགས་ཕན་ཚུན་ཟུང་འབྲེལ་གྱི་རིམ་པ་མང་པོའི་བདག་སྐྱོང་བྱེད་སྟངས་སྤྱད་དེ། ས་གནས་ཀྱི་འབྲོག་པ་མང་ཚོགས་སྐོར་ཞིབ་སྲུང་སྐྱོང་ནང་ཞུགས་ནས་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་ལ་སྲུང་སྐྱོང་ལེགས་པོ་བྱས། ལོ་མང་རིང་བདག་སྐྱོང་དང་ཉམས་གསོ་བྱས་པ་བརྒྱུད། བརླན་སའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་ཏེ་ཁྲུང་ཁྲུང་སྐེ་ནག་སོགས་དཀོན་ཞིང་རྩ་ཆེ་བའི་དུས་བྱ་དག་འབབ་སྡོད་དང་རྒྱུད་སྤེལ་བྱ་ཡུལ་དུ་གྱུར་ཡོད་ལ། གསའ་དང་གཙོད་སོགས་སྲོག་ཆགས་རྩ་ཆེན་གྱིས་ཀྱང་དེ་གར་རྒྱུད་སྤེལ་འཚོ་གནས་བྱེད་བཞིན་ཡོད། །

图片
图片
图片
图片
图片
图片
图片
图片
图片
图片

པར་འདི་དག་ནི་སྨི་ཏི་ཁ་བརླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཛེས་ལྗོངས་རེད། 

图片

པར་འདི་ནི་སྨི་ཏི་ཁ་བརླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདག་སྐྱོང་བས་གད་སྙིགས་འཐུ་བའི་རྣམ་པ་རེད།