ལྷ་སར་ཞོ་སྟོན་དུས་ཆེན་གྱི་གོས་སྐུ་བཤམས་པའི་བྱེད་སྒོ་སྤེལ་བ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པའི་ཚེས12ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་འབྲས་སྤུངས་དགོན་པ་དང་སེ་ར་དགོན་པར་གོས་སྐུ་བཤམས་པའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་ཏེ། རྒྱལ་ཁབ་ཞི་བདེ་དང་མི་དམངས་ཀྱི་འཚོ་བ་བདེ་འཇགས་ཡིན་པ་དང་རླུང་འཇམ་ཆར་འཚམ་བབས་ནས་ལོ་ལེགས་བྱུང་བར་སྐྱབས་འཇུག་ཞུས། ལྷ་སའི་ཞོ་སྟོན་དུས་ཆེན་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་དར་ཁྱབ་བྱུང་བ་དང་། 2006ལོར་ཀྲུང་གོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་མིང་གཞུང་དུ་བཅུག་པ་རེད། །











