网站无障碍
ལོ་ངོ་དུང་ཕྱུར2.44ཡི་གོང་གི་འགྱུར་རྡོ་འདི་འདྲ་ཞིག་རྙེད།
发布时间:2026年08月24日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  ཀྲུང་གོ་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང(གནའ་བོའི་སྒལ་ཚིགས་ཁང)གིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་ཚན་རིག་མཁས་ཅན་ཚོགས་པས་ཀུའེ་ཀྲོའུ་ནས་ཐོན་པའི་ལོ་ངོ་དུང་ཕྱུར2.44ཙམ་གྱི་ས་རིམ་ཁྲོད་ཉར་ཚགས་ཡག་པོར་བྱས་པའི་ཕན་རྫོང་གི་ཉ་འབྲུག་འདྲེས་མའི་འགྱུར་རྡོ་ཞིག་ལ་ཞིབ་འཇུག་བྱས་པ་བརྒྱུད། དེའི་གསུས་པའི་ནང་ཉུང་མཐར་ཡང་སྦྲུམ་བུའི་རུས་པ11ཡོད་པ་ཤེས་རྟོགས་བྱུང་ནས། ད་བར་ཉ་འབྲུག་རིགས་ཀྱི་སྦྲུམ་བུའི་གྲངས་འབོར་མང་ཤོས་ཀྱི་ཟིན་ཐོ་བཏོད་པ་མ་ཟད། ཉ་འབྲུག་གི་སྐྱེ་འཕེལ་ནུས་པ་ཆེ་བའི་དུས་རབས་དེ་སྔ་ཤེས་རྟོགས་བྱུང་བ་ལས་སྔ་བ་ཡོད་པ་གསལ་སྟོན་བྱས་ཡོད།

图片


  ཉ་འབྲུག་རིགས་ཀྱི་གནའ་བོའི་སྐྱེ་དངོས་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་དེ་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཁང་གིས་ཀྲེ་ཅང་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་དང་མཉམ་འབྲེལ་ཐོག་ལེགས་སྒྲུབ་བྱས་པ་ཞིག་ཡིན་པ་དང་། ཉེ་ཆར་འབྲེལ་ཡོད་དཔྱད་རྩོམ་རྒྱལ་སྤྱིའི་རིག་གཞུང་དུས་དེབ《PeerJ》ཐོག་སྤེལ་བ་རེད།


图片
图片