网站无障碍
གློག་སྒུལ་རྐང་འཁོར་གྱི་མྱུར་ཚད་ཚོད་འཛིན་བྱ་རྒྱུ་རེད།
发布时间:2026年09月02日 消息来源:

རྩོམ་སྒྲི ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཁམས་པའི་བརྙན་འཕྲིན།བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

图片

  ཟླ8པའི་ཚེས25ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཐོག་མར་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ནང་གློག་སྒུལ་རྐང་འཁོར་འཕྲུལ་སྒུལ་མིན་པའི་འཁོར་རིགས་བགྲོད་ལམ་དུ་སྐྱོད་སྐབས་ཆུ་ཚོད་རེར་མྱུར་ཚད་མཐོ་ཤོས་སྤྱི་ལེ15ནས་སྤྱི་ལེ20བར་ལེགས་སྒྲིག་བྱས་པ་མ་ཟད། གློག་སྒུལ་རྐང་འཁོར་བགྲོད་ལམ་དུ་སྐྱོད་སྐབས་ལྡོག་ཕྱོགས་སུ་སྐྱོད་པ་དང་མྱུར་ཚད་ལས་བརྒལ་ནས་སྐྱོད་པ། འགྲིམ་འགྲུལ་བརྡ་རྟགས་ལས་འགལ་ནས་སྐྱོད་པ། ལག་ཁྱེར་ཁ་པར་རྒྱག་པའམ་ཡང་ན་ཉན་པ། བརྙན་པར་ལ་ལྟ་བ་སོགས་བྱེད་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་འཆར་ཟིན་ནང་གློག་སྒུལ་རྐང་འཁོར་གྱི་ཁ་ལོ་བ་དང་རླངས་འཁོར་ལ་སྡོད་མཁན་གྱིས་གཏན་འབེབས་གཞིར་བཟུང་བདེ་འཇགས་རྨོག་ཞྭ་གྱོན་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།