网站无障碍
ཀྲང་ཧྲིང་ཡོན་གྱིས་སྣེ་ཁྲིད་དེ་ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་སུ་ཕྱིན་ནས་ཚོང་འགུག་རྟོག་ཞིབ་གནང་།
发布时间:2026年09月07日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ9པའི་ཚེས3ནས་ཚེས4ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་སྣེ་ཁྲིད་དེ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དང་ཏི་དབྱང་གྲོང་ཁྱེར་དུ་ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་སྤྱི་ཁྱབ་པུའུ་དང་བསྐྱར་སྒྲིག་ཐོན་སྐྱེད་རྟེན་གཞིར་རྟོག་ཞིབ་གནང་བར་ཕྱིན་ནས་ཆེད་དོན་ཚོང་འགུག་བཞུགས་མོལ་གནང་། ཁུལ་དཔོན་གཞོན་པ་ཝང་ཧའེ་པོ་དང་ཤར་ཕྱོགས་རླུང་གློག་ཏང་ཨུའི་ཧྲུའུ་ཅིའམ་འགན་འཛིན་པ་ཞུས་ཡེ། ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་སྤྱི་གཉེར་ཁང་ཐོན་ལས་འཕེལ་རྒྱས་པུའི་པུའུ་ཀྲང་གཞོན་པ་ཝང་ཏུང་སོགས་བཞུགས་མོལ་ནང་ཞུགས།

图片

དེའི་རིང་། རྟོག་ཞིབ་ཚན་ཆུང་ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་སུ་ཕྱིན་ནས་ཁེ་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ལྟེ་བའི་ཚན་ཞིབ་གྲུབ་འབྲས། ནུས་ཁུངས་གསར་པའི་ཐོན་ལས་འཆར་འགོད་བཅས་ལ་རྒྱུས་ལོན་བྱས་པར་མ་ཟད། ཤར་ཕྱོགས་གློག་འཕྲུལ་དང་ཤར་ཕྱོགས་རླངས་སྒུལ་འཕྲུལ་འཁོར་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་དེ་ནུས་ཁུངས་གཙང་མའི་གཙོ་འཁོར་སྒྲིག་ཆས་དང་ལྟེ་བའི་ལྷུ་ལག རིག་ནུས་ཐོན་སྐྱེད་སྒྲུབ་རིམ་བཅས་རིག་ནུས་ཅན་གྱི་ཐོན་སྐྱེད་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་སྦྱོང་བྱས།

图片

དེའི་རྗེས་འཚོགས་པའི་བཞུགས་མོལ་བརྗེ་རེས་ཚོགས་འདུའི་ཐོག ཕྱོགས་གཉིས་ཀྱིས་རླུང་གློག་ཐོན་ཁུངས་གསར་སྤེལ་དང་ལེ་ལག་ཆ་ཚང་གི་ཐོན་ལས་དོན་འཁྱོལ། སྲིད་གཞུང་དང་ཁེ་ལས་ཀྱི་ཕུགས་ཕན་མཉམ་ལས་སོགས་ཀྱི་གྲོས་དོན་ལ་དམིགས་ནས་ངོ་འཕྲད་གྲོས་མོལ་གཏིང་ཟབ་བྱས། ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་ཤིང་། མཚོ་བྱང་ཁུལ་གྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་། མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང(འདེམས་ཁུལ)གི་སྐྱེ་ཁམས་ཐོན་ཁུངས་ཀྱི་ལྷན་ནུས་དང་། ཐོན་ལས་ཀྱི་ཁྱད་ལྡན་ལེགས་ཆ་དང་ཁུལ་ཡོངས་ཀྱི་ཐོན་ལས་གསུམ་པོའི་གྲུབ་ཚུལ་ངོ་སྤྲོད་ཞིབ་ཕྲ་གནང་ནས་བསྟན་དོན། མཚོ་བྱང་ཁུལ་གྱི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་རྗེས་འཕེལ་ལེགས་ཆ་མངོན་གསལ་དོད་ཡིན་པ་དང་སྒྲིག་སྦྱོར་འཕྲུལ་འཁོར་ལ་བར་མཐོངས་འདང་ངེས་ཡོད་ལ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས་ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་ནི་རྒྱལ་ནང་གི་ནུས་ཁུངས་གསར་པའི་སྒྲིག་ཆས་བཟོ་སྐྲུན་གྱི་ཀྲུང་དབྱང་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བ་དང་། ལག་རྩལ་གྱི་ལེགས་ཆ་མངོན་གསལ་དོད་ལ་ཁ་ཆད་ལག་བསྟར་གྱི་མཚན་སྙན་ཉམས་སད་ཐེག་ཐུབ་པ་ཞིག་ཡོད་པས་ནུབ་རྒྱུད་མཐོ་སྒང་གི་ཁྲོམ་རར་ཡུན་རིང་གཞི་བཙུགས་པ། མཚོ་འཕགས་མཐོ་བའི་ནུས་ཁུངས་གསར་པ་གསར་སྤེལ་འཛུགས་སྐྲུན་གྱི་ཉམས་མྱོང་གནད་སྨིན་བསགས་ཡོད་པ་དང་ཐོན་ལས་འཕེལ་རྒྱས་དེ་མཚོ་བྱང་གི་ནུས་ཁུངས་གཙང་མ་འཕེལ་རྒྱས་ཀྱི་ཚད་མཐོའི་དགོས་མཁོ་དང་མཐུན་ཡོད་པས། ཕྱོགས་གཉིས་ཀྱིས་ཐེངས་འདིའི་རྟོག་ཞིབ་འབྲེལ་མཐུད་རྨང་གཞིར་བྱས་ཏེ་ཁྱབ་ཁོངས་མང་པོའི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་སྤུས་ལེགས་ལས་གཞི་དེ་བས་མང་བ་མཚོ་བྱང་དུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་སྟེ། གཅིག་ནས་མཚོ་བྱང་ས་ཁོངས་ཟི་ལིང་དང་ཉེ་མཚེས་ཡིན་པ་དང་། ས་ཆ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས་ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་ཀྱིས་མཚོ་བྱང་དུ་ཐོན་ལས་མ་འཇོག་ལས་གཞི་བཀོད་སྒྲིག་བྱ་རྒྱུར་དགའ་བསུ་ཞུས་པ་ཡིན། གཉིས་ནས་ཁུལ་ནང་གི་ཁེ་ལས་དང་ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་ཀྱིས་ལེ་ལག་ཆ་ཚང་གི་མཉམ་ལས་གཞོགས་འདེགས་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་མཁོ་སྤྲོད་སྦྲེལ་མཐུད་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱ་རྒྱུ་ཡིན། གསུམ་ནས་ཀྲུང་གོའི་རྡུལ་ཕྲན་མཁར་དང་མཚོ་སྔོན་མདེལ་གཉིས་སྐར་གཅིག་གི་ལས་བྱེད་སློབ་གླིང་གི་གསར་བརྗེའི་སློབ་གསོའི་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། ཁེ་ལས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་མཚོ་བྱང་དུ་ཉམས་ཞིབ་ལ་སླེབས་པར་གདན་འདྲེན་ཞུས་པ་ཡིན། བཞི་ནས་ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་ཀྱིས་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཟེར།

图片

ཞུས་ཡེ་ཡིས་མཚོ་བྱང་རྟོག་ཞིབ་ཚོགས་པ་འཁོར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་ཤིང་ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་ཀྱི་ལས་རིགས་འཕེལ་རྒྱས་ཀྱི་ལེགས་ཆ་དང་མཐོ་སྒང་ལས་གཞི་འཛུགས་སྐྲུན་གྱི་ཉམས་མྱོང་། ཚན་ཞིབ་གསར་གཏོད་ཀྱི་སྟོབས་ཤུགས་དང་སྲིད་གཞུང་དང་ཁེ་ལས་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད། ཁོས་བཤད་རྒྱུར་མཚོ་བྱང་ཁུལ་གྱི་ནུས་ཁུངས་གསར་པའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བས། ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་ནི་མཚོ་བྱང་ས་གནས་འཛུགས་སྐྲུན་ཁྲོད་གཏིང་ཟབ་ཞུགས་འདོད་ཡོད་པས་མཁོ་སྤྲོད་སྦྲེལ་ཐག་གི་ལེ་ལག་ཆ་ཚང་གི་ཁེ་ལས་བཀོད་སྒྲིག་ཐད་མཚོ་བྱང་ལ་སྔོན་ལ་བསམ་བློ་བཏང་སྟེ་སྒྲིག་ཆས་བཟོ་སྐྲུན་དང་ཐོན་ལས་འཕེལ་རྒྱས། ཁོངས་གཏོགས་ས་ཆའི་ཞབས་ཞུ། ཁ་ཆད་ལག་བསྟར་འགན་སྲུང་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་བྱང་ཁུལ་དང་མཉམ་ལས་ཀྱི་འདོད་བློ་གང་མགྱོགས་གཏན་འཁེལ་དང་། འཐབ་ཇུས་གཞི་སྒྲོམ་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་སྲིད་གཞུང་དང་ཁེ་ལས་མཉམ་ལས་ཀྱི་འབྲེལ་བ་སྲ་བརྟན་དུ་གཏོང་བ། སྣེ་ཁྲིད་སྡེ་ཁག་དང་འབྲེལ་གཏུག་མི་སྣ་དུས་མཉམ་དུ་གཏན་འཁེལ་བཅས་བྱས་ཏེ་ཕྱོགས་གཉིས་ཀའི་ལས་གཞི་མཉམ་ལས་ལ་ལོ་འདིའི་ནང་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར།