སྦྲ་མཐིང་སྨུག་བརྒྱ་ཡི་ཁ་རུ་ལྷོ་བསྐོར།། འབྲི་ཐུལ་མ་སྟོང་གི་མགོ་ལོ་རྫ་བྱས།།
发布时间:2026年09月17日
消息来源:
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
སྤྱི་ལོ2026ལོའི་ཟླ9ཚེས12ནས14བར། མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོ་ཇོ་སྐོར་སྡེ་བས་གཙོ་སྒྲུབ་བྱས་པའི་སྦྲ་བརྒྱ་འབྲི་སྟོང་གི་བཞོ་འགྲན་བྱེད་སྒོ་བརྒྱུད། མཚོ་སྔོན་པོའི་མཐའ་འཁོར་གྱི་སྣོད་བཅུད་ཐོན་ཁུངས་དང་སྐྱེ་ཁམས་མཉམ་གནས། མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་། མཚོ་སྔོན་པོ་ཡུལ་ལུང་གི་འབྲོག་ལས་རིག་གནས་དར་སྤེལ། དམངས་སེམས་གཅིག་ཏུ་སྦྲེལ་བའི་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་རྒྱ་ཆེར་ངང་སྤེལ་བར་མཐུན་རྐྱེན་བསྐྲུན་ལ། ལོ་རེ་ནས་ལོ་རེར་གཞི་ཁྱོན་ཆེ་བ་དང་སྤུས་ཀ་ལེགས་པའི་འབྲོག་ལས་རིག་གནས་འགྲེམས་སྟོན་བྱེད་པའི་སྒེའུ་ཁུང་ཡངས་པོར་ཕྱེས་ཡོད། དེར་མ་ཟད། འབྲོག་པའི་ལས་རིགས་ཤུལ་བཞག་རྒྱུན་འཛིན་དང་ཐོན་ལས་འཕེལ་རྒྱས། ལུས་རྩལ་བྱ་འགུལ། རིག་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་བ་འབྲི་བར་སྔར་ལས་ལྷག་པའི་ནུས་པ་ཐོན་ཡོད། གཤམ་དུ་ང་ཚོས་ཐེངས་འདི་བྱེད་སྒོའི་ཁྲོད་འཁོད་དུ་ཕྱུང་བའི་པར་རིས་སྐོར་ཞིག་ལས་བྱ་འགུལ་གྱི་ངོ་མཚར་ལྟད་མོར་མཉམ་རོལ་ཞིག་བྱ། །