网站无障碍
མཚོ་བྱང་ཁུལ་འཐུས་ཚབ་རུ་ཁག་ལ་ཞིང་ཆེན་རིམ་པའི་སྐོར་བྲོ་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ།
发布时间:2026年09月24日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  ཟླ9པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་སྐབས་དྲུག་པ་དང“ཀྲུང་གོའི་ཕུགས་འདུན·ངལ་རྩོལ་གཟི་བརྗིད”ཅེས་པའི2026ལོའི་ལས་བཟོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་སྦྱོང་སྐོར་བྲོའི་རྟིང་རྩོད་འགྲན་སྡུར་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་དུ་བདེ་བླག་ངང་མཇུག་བསྒྲིལ། ཁུལ་མི་རིགས་གླུ་གར་ཚོགས་པ་དང་རྫོང་བཞིའི་སྒྱུ་རྩལ་ཚོགས་པས་ཐུན་མོང་ཐོག་བཙུགས་པའི་མཚོ་བྱང་ཁུལ་འཐུས་ཚབ་རུ་ཁག་གིས་ཆེད་ལས་ཀྱི་རྨང་གཞི་བརྟན་པོ་དང་འཇོ་སྒེག་གི་ཉམས་འགྱུར་ལ་བརྟེན་ནས་རུ་ཁག་མང་པོ་ལས་རྣམ་པར་རྒྱལ་ནས་གཞོན་དར་ཚན་ཆུང་གི་བྱ་དགའ་ཨང་དང་པོ་བླངས། 

图片
图片
图片
图片
图片

ཐེངས་འདིར་ཞིང་ཆེན་རིམ་པའི་གཞོན་དར་ཚན་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པ་དེ་ནི་རང་ཁུལ་གྱི་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རིག་རྩལ་ལས་ཁུངས་ཀྱིས་མཉམ་དུ་འབད་བརྩོན་ལས་བྱུང་བའི་གཟེངས་བསྟོད་ཡག་ཤོས་ཤིག་ཡིན་པར་མ་ཟད། རང་ས་གནས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་འབྲས་བུ་ལ་ཁས་ལེན་ཐོབ་པ་ཞིག་ཡིན་ལ། མཚོ་བྱང་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་རྒྱལ་ཡོངས་སུ་བསྐྱོད་པའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན།

གོམ་སྟབས་རྗེས་མར། མཚོ་བྱང་ཁུལ་གྱིས་མུ་མཐུད་དུ་རང་ས་གནས་ཀྱི་ཕུལ་བྱུང་མི་རིགས་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་ཡིན་ལ། སྐོར་བྲོ་སོགས་དམངས་ཁྲོད་དམངས་སྲོལ་རིག་གནས་མུ་མཐུད་སྔོག་འདོན་སྲུང་སྐྱོབ་དང་གསོན་ཤུགས་རྒྱས་པར་བྱས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ལུས་རྩལ་བྱེད་སྒོ་སྣ་ཚོགས་མང་དུ་སྤེལ་ནས་རིགས་སོ་སོའི་མི་དམངས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་བྱང་གསར་བ་འཛུགས་སྐྲུན་བྱེད་པར་སྙིང་སྟོབས་ཆེན་པོ་གཅིག་ཏུ་བསྒྲིལ་བར་འབད་བརྩོན་ལྷོད་མེད་བྱ་རྒྱུ་རེད།