ལྷ་ཀླུ་རླན་སར་སྟོན་གྱི་མཛེས་ཉམས་མངོན།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
སྟོན་ཟླ་བཅུ་པར་བོད་ལྗོངས་ལྷ་སའི་ལྷ་ཀླུ་རླན་སའི་རྩྭ་དང་རྩི་ཏོག་གསེར་མདོག་གིས་བརྒྱན་ཏེ་སྟོན་གྱི་མཛེས་ཉམས་ཡོངས་སུ་མངོན། ཆུ་བྱ་རིགས་ཆུ་ངོས་སུ་སོས་དལ་ངང་རྐྱལ་ཞིང་། དྭངས་ཤིང་གསལ་བའི་ཆུ་ནང་དུ་རྒྱང་རིང་གི་གངས་རི་དང་ཕོ་བྲང་པོ་ཏ་ལའི་གཟུགས་བརྙན་ཤར་བས་ཡིད་དབང་རབ་ཏུ་འཕྲོག་པའི་སྐྱེ་ཁམས་ཀྱི་རྣམ་པ་ཡག་པོ་ཞིག་ཤར་ཡོད། །





